27426
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཡི་དམ་གསས་མཁར་མཆོག་ལྔ་ལས་སྔོན་ཚེ་གཙོ་མཆོག་མཁའ་འགྱིང་ཡབ་ཡུམ་གྱིས་བསྟན་འགྲོའི་དོན་དུ་བདུད་ལ་འགྲན་དེ་ཡ་བོ་བསྒྲལ་བའི་ཕུང་པོ་ཤ་ཁྲག་སོགས་ལ་ལྷ་ཚོགས་ཀྱི་སྐུ་རྒྱན་དང་སྒྲུབ་པའི་མཆོད་རྫས་སུ་བྱིན་གྱིས་བརླབས་པ་ལས་གློ་བ་མ་བཞི་བུ་བཞི་དང་བརྒྱད་ཙི་ཏ་སྙིང་བཅས་དགུ་ལ་འབན་གཏོར་དབལ་བཤོས་དམར་པོ་དགུ་འདུས་ཞེས་བྱ་བ་བྱུང་སྟེ། གསང་འདུས་དོན་རྒྱུད་ལས། གློ་བ་མ་བཞི་བུ་བརྒྱད་དང་། ཙི་ཏ་དབལ་བཤོས་དམར་པོ་དགུ། ཡེ་ཤེས་ལྷ་ལ་འབན་དུ་དྲངས། དབལ་བཤོས་དགུ་འདུས་དེ་ནས་སྲིད། ཅེས་གསུངས་པས་སོ། །ཡང་གནའ་དེང་གི་ཆོ་གའི་མཁན་པོ་རྣམས་ཀྱིས་དེའི་ཚབ་བམ་ཕྱག་སྲོལ་གཞན་ཞིག་ལ་རྒྱུ་ཟན་སོགས་ལས་གཏོར་མ་ཟུར་གསུམ་ལ་སྙིང་གི་སུལ་བུའི་ཚུལ་དུ་ཟུར་རེ་ལ་རི་མོ་སུལ་ཅན་སུམ་རྩིག་ཅན་ཞིག་མཛད་སྲོལ་འདུག་གོ ། |
| Domain | ཆོས་ལུགས། |