27427

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབལ་མང་ཆུང་བ་དཀོན་མཆོག་ཆོས་འཕེལ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་བྱི་ཕྱི་ལོ་ ༡༧༦༨ ལོར་མདོ་སྨད་གླས་དྲུག་ཏུ་ཡབ་བླ་མ་བཀྲ་ཤིས་དང་། ཡུམ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དྲུག་པར་ཀུན་མཁྱེན་བླ་མས་རྒྱུད་པ་དཔོན་སློབ་བཀྲ་ཤིས་རྒྱ་མཚོའི་སྤྲུལ་སྐུར་བཟུང་། བདུན་པར་རབ་ཏུ་བྱུང་། བཅུ་གཅིག་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གྲྭ་ནས་བཟུང་གཞུང་བཀའ་པོད་ལྔ་ལ་ཐུགས་གཉེར་མཛད། རྡོ་རམས་པའི་མཚན་བཏགས་བཞེས། རྒྱུད་པའི་བླ་མ་དབུ་མཛད་དང་། གྲྭ་ཚང་གསུམ་གྱི་ཁྲི་བ་མཛད། འགྲེལ་བ་བཞི་སྦྲགས་འཆད་པར་མཁས། རྒན་གྱའི་བྲག་དཀར་དང་། ཚ་གན་པེ་ཤིང་། བདེ་མོ་ཐང་རྣམས་ཀྱི་ཁྲིར་ཕེབས། མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲིར་བཞུགས། བརྩི་བཞག་ཆག་མེ་མཛད། ཚར་གཅོད་རྗེས་འཛིན་གྱི་དོ་དམ་གནང་། ཁྲི་ཟུར་ནས་ཨུརྒེའི་ཁྲི་བ་ལན་གསུམ་མཛད། དབུས་སུ་གཞུང་ས་ཆེན་མོ་ནས་པཎྜི་ཏའི་ཆོས་ལོ་གནང་། རྔ་བའི་ཨ་མཆོག་དགོན་སོགས་སུ་ཆིབས་བསྒྱུར་བསྐྱངས། རབ་བྱུང་བཅུ་བཞི་པའི་ཤིང་རྟ་ཕྱི་ལོ ༡༨༣༤ ལོར་སྐུ་གཤེགས། བླ་བྲང་དགོན་པའི་གདན་རབས་ཉེར་དགུ་པ་ཡིན།