27430
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་མཚམས་བཅད་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་དོན་ལྔ་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། ལག་པ་གཡས་གཡོན་གཉིས་ཀའི་སྤར་མོ་ཡུད་ཙམ་བཀུག་ནས། གཡས་པ་གནམ་ལ་བསྒྲད། གཡོན་པ་ས་ལ་བཅུམ་མོ། །ཞེས་སོ། །དེའི་བྱས་ལས་སམ་རྒྱུ་མཚན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། ལག་པའི་སོར་མོ་བཅུ་ཁྲོ་བོ་བཅུར་དམིགས་ནས། ཕྱོགས་བཅུའི་བར་ཆད་བཟློག་པ་ཡིན། ཞེས་སོ། ། |
| Domain | ཆོས་ལུགས། |