27433

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབལ་ཤུལ་བློ་བཟང་གནས་བརྟན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་མེ་བྱི་ཕྱི་ལོ་ ༡༦༩༦ ལོར་མདོ་སྨད་དབལ་ཤུལ་རིགས་སུ་འཁྲུངས། ཆུང་དུས་ནས་རྣམ་དཔྱོད་ཤིན་ཏུ་ཆེ། རྟགས་གསལ་སོགས་ལ་ཐོགས་པ་མེད། བྱ་ལག་མདོར་ཕེབས། ཀུན་མཁྱེན་འཇམ་དབྱངས་བཞད་པ་ལས་བསྡུས་གྲྭ་དང་། བསེ་ངག་དབང་བཀྲ་ཤིས་ལས་བློ་རྟགས་དབུ་ཕར་བཅས་ལ་སྦྱངས་པ་མཛད། དབུ་སུ་ཕེབས། འབྲས་སྒོ་མང་གི་ཆོས་གྲྭར་ཞུགས། གཞུང་བཀའ་པོད་ལྔ་ལ་ཐོས་བསམ་གནང། ལྷ་རམས་པའི་གྲྭ་སྐོར་མཛད། བླ་བྲང་བཀྲ་ཤིས་འཁྱིལ་དུ་གཞུང་བཀའ་པོད་ལྔ་ལ་དམ་བཅའ་བཞག བསེ་ངག་དབང་བཀྲ་ཤིས་ཀྱིས་བསྔགས་བརྗོད་ཡང་ཡང་མཛད། ཀུན་མཁྱེན་འཇིགས་མེད་དབང་པོའི་ཡོངས་འཛིན་གཞོན་པ་ཡང་མཛད། ཚོགས་ཆེན་ཞལ་ངོ་དང་། རྒྱུད་པ་བླ་མ་དབུ་མཛད། རྒྱུད་པའི་ཁྲི་བ་གནང་། རྒྱུད་ཀྱི་འཆད་ཉན་དང་། བསྐྱེད་རྫོགས་ཀྱི་གཞུང་བཤད་མཛད། རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༧༥༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་ཁྲིར་ཕེབས། རབ་བྱུང་བཅུ་གསུམ་པའི་ཤི་ཁྱི་ཕྱི་ལོ་ ༡༧༥༤ ལོར་སྐུ་གཤེགས། བླ་བྲང་དགོན་པའི་གདན་སའི་ཁྲི་རབས་བདུན་པ་ཡིན།