27434
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་མདོ་སྨད་དུ་དབལ་ཤུལ་རྙིང་བའི་ཁྲོད་དུ་འཁྲུངས། །གཞོན་དུས་དབུས་སུ་ཕེབས། བཤེས་གཉེན་མང་པོ་བསྟེན། ཐོས་བསམ་ནན་ཏན་མཛད། མདོ་སྨད་དུ་བྱོན། ཀུན་མཁྱེན་ཡབ་སྲས་ཀྱི་དྲུང་དུ་མདོ་སྔགས་སྤྱི་དང་། ཁྱད་པར་དུ་སྔགས་ཀྱི་མན་ངག་ཕྱག་ལེན་བཅས་ལ་ཞུ་གཏུགས་དང་། དོགས་གཅོད་ནན་ཏན་དུ་མཛད། རྒྱུད་པ་དཔོན་སློབ་དགེ་འདུན་རྒྱལ་མཚན་དང་། གྲུབ་དབང་སྡེ་ཁྲི་རིན་པོ་ཆེ་གཉིས་ཀྱི་རིང་ལ་བླ་མ་དབུ་མཛད་ཀྱི་ཐུགས་འགན་བཞེས། ང་དྲུག་པ་རབ་བྱུང་བཅུ་གཉིས་པའི་ས་རྟ་ཕྱི་ལོ་ ༡༧༣༨ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་ཁྲིར་ཕེབས། ལོ་རེ་བཞིན་དབྱར་ཁར་འགྲེལ་བ་བཞི་སྦྲགས་ཡོངས་རྫོགས་དང་། བསྐྱེད་རིམ་གསུང་བཤད་དང་བཅས་པ་འགྲོ་ཞིང་། དགུན་ཁར་བསྐྱེད་རྫོགས་ཆེན་མོ་གཉིས་ཀྱི་གཟབ་བཤད་དང་། དཀའ་གནད་ཀྱི་དོགས་གཅོད་སོགས་འཆད་ཉན་མཛད། འགྲེལ་བཤད་བཞི་སྦྲགས་དང་། ཡིག་ཆའི་མཛོད་གཉིས་པར་དུ་བརྐོས། ཁྲི་ཟུར་ནས་ཨུརྒེ་གྲྭ་ཚང་གསང་སྨིན་རྒྱས་གླིང་གི་ཁྲིར་བཞུགས། མདོ་སྔགས་ཀྱི་འཆད་ཉན་གོང་འཕེལ་མཛད། དོན་གཉིས་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་ཕྱི་ལོ་ ༡༧༥༤ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་བདུན་པ་ཡིན། |