27435

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབལ་ཤུལ་ཡེ་བློ་རིན་པོ་ཆེ་ཡེ་ཤེས་བློ་གྲོས་ (1)
Part of speech མིང་ཚིག
Definition ཕྱི་ལོ་ ༡༩༤༠ ལོར་དེང་སང་ཉག་ཆུ་རྫོང་གི་ཁྱབ་ཁོངས་འགུ་ལོག་སྟོད་སྨད་གཉིས་ལས་འགུ་ལོག་སྨད་དུ་གཏོགས་པ། ཉ་བ་གྲོང་དུ་འབོད་པར་བག་བྲོ་ཚང་ཞེས་པའི་ཁྱིམ་དུ་ཕ་ཚེ་རིང་དོན་འགྲུབ་དང་། མ་རྣམ་རྒྱལ་སྒྲོལ་མ་གཉིས་པ་བུ་བཞི་བྱུང་བའི་ཐ་ཆུང་དེ་ཡིན། རྙིང་ཕྱོགས་ཀྱི་བླ་མའི་ཡང་སྲིད་ཞིག་ཡིན་ལས་ཆེ་བས་མཚན་ནམ་མཁའ་རྒྱལ་མཚན་དུ་གསོལ། དགེ་བཤེས་ཨ་དོན་ཕུན་ཚོགས་ཀྱིས་ལྷ་དང་བླ་མའི་ལུང་བསྟན་བསྟན་ལྟར་ཡེ་བློ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་མཚན་ལ་ཡེ་ཤེས་བློ་གྲོས་སུ་བཏགས། བྷུར་ཡ་དེའི་དགེ་བཤེས་ཞི་བ་ལྷ་སོགས་ཀྱི་དྲུང་ནས་མཚན་ཉིད་དཔེ་ཁྲིད་སོགས་ཞུས། ཕྱི་ལོ་ ༡༩༥༥ ལོར་ལི་ཐང་ནས་ཐོན་ཏེ་ཆབ་མདོ་བརྒྱུད་ལྷ་སར་བསླེབས། རྒྱུད་སྨད་མཁན་པོ་དགེ་བཤེས་ལེགས་ལྡན་དང་། སོག་པོ་དགེ་བཤེས་ཐུབ་བསྟན་ཉི་མ། དབལ་ཤུལ་དགེ་བཤེས་ཆོས་འཕེལ་རྣམ་རྒྱལ་སོགས་ཀྱི་དྲུང་ནས་དཔེ་ཁྲིད་ཞུས། ཕྱི་ལོ ༡༩༥༩ ལོར་ལྷ་སར་དུས་འགྱུར་སྐབས་འབྲུག་ཡུལ་བརྒྱུད་རྒྱ་གར་གྱི་ས་མཚམས་སྦག་སར་འབྱོར། རྡོ་རྗེ་གདན་གནས་སྐོར་དང་འབྲེལ་གོང་ས༧་སྐྱབས་མགོན་ཆེན་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་མནོས། ཕྱི་ལོ་ ༡༩༧༩ ལོར་དགེ་བཤེས་མིང་བཏགས་ཐོན། ཕྱི་ལོ་ ༡༩༨༡ ལོར་སོག་ཡུལ་དུ་འབྱོར། ཕྱི་ལོ་ ༡༩༨༢ ལོར་ཕྱིར་རྒྱ་གར་ལ་འབྱོར། བོད་ཀྱི་དཔེ་མཛོད་ཁང་དུ་དཀར་ཆགས་བསྒྲིགས་པའི་ལས་ཀ་བྱས། ཕྱི་ལོ་ ༡༩༨༦ ལོར་བོད་དུ་གཉེན་འཕྲད་ལ་བསྐྱོད་ནས་དབང་དང་རྗེས་གནང་སོགས་གནང་། ཕྱིར་རྒྱ་གར་རྡ་སར་ཕེབས་ནས་དཔེ་མཛོད་ཀྱི་ལས་ཀ་གཉེར། ཕྱི་ལོ་ ༡༩༩༡ ལོར་སླར་ཡང་སོགས་ཡུལ་དུ་ཕེབས་ནས་ད་ལྟའི་བར་ཕྱག་ལས་གནང་བཞིན་པ་བཅས་ལོ་རྒྱུས་སྙིང་བསྡུས་སོ། །