27448

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་གཡོར་འཁྲུག་སློང་ (1)
Part of speech མིང་ཚིག
Definition གླང་དར་མ་འདས་རྗེས། བཙུན་མོ་གཉིས་སོ་སོའི་ཕྱོགས་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་དབུ་རུ། འོད་སྲུངས་ཀྱིས་གཡོ་རུ་བཟུང་ནས་དབུ་གཡོར་འཁྲུག་པ་བྱས། དེའི་ཕྱོགས་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད། མང་ཚན་ཉུང་ཚན། གསེར་པ་གཡུ་པ། ཤ་ཟན་རྩམ་ཟན། ཞེས་སྡེ་གཉིས་གཉིས་སུ་ཆད་དེ་རྩོད། ས་གླང་ཕྱི་ལོ་ ༨༦༩ ལོར་ཁེང་ལོག་གམ་འབངས་གྱེན་ལོག་བྱུང༌། དར་མ་བཀྲོངས་རྗེས་ཡོངས་གྲགས་སྲས་གཉིས་སྲིད་ལ་མ་འཆམས་པའི་དབང་གིས་བཙན་པོའི་ཁྱིམ་རྒྱུད་ཀྱི་གཟི་བརྗིད་ཉམས་པ་དང་སྐབས་བསྟུན། སྔར་ཐང་མཚམས་སུ་ཕབ་ཡོད་པའི་རྗེ་ཕྲན་མང་པོའི་གོ་སྐབས་བཙལ་ཏེ། རྒྱུ་མཚན་སྣ་ཚོགས་བགྲངས་ནས་ཁེང་ལོག་པ་ཞིག་ཡིན། ཁེང་ལོག་ནི་ཆ་རྐྱེན་བདུན་གྱི་འོག་ནས་བྱས་པ་ཞིག་དུ་བཤད་དེ། དཔེ་གང་ལ་བཞག ལག་དཔོན་གང་གིས་བྱས། ཁེང་ལོག་གི་རྒྱུ་མཚན། ཕྱཱ་མཁན་ནམ་ཇུས་འདོན་པ། འདུན་ས་འཛིན་མཁན་ཏེ་གྲོས་ཚོགས་ཁང༌། འགོ་བའི་ལྷ་སྲུང༌། གདུང་རབས་ཀྱི་རྗེ་བོ་དང་བློན་པོ་བཅས་འཛོམས་པའི་སྒོ་ནས་བྱས། གནས་གང་དག་ནས་ཁེང་ལོག་ན། དང་པོ་མདོ་ཁམས་ནས་དམག་སྤྱི་ཆེན་པོ་དབའ་ཁྲོམ་བཞེར་གྱིས་དམག་དཔོན་འབྲོ་བཙན་བཞེར་གྱི་དམག་དཔུང་ལ་རྒོལ་ཏེ། ལོ་མང་རིང་ནང་འཁྲུགས་བྱས་མཐར། འབྲོ་བཙན་བཞེར་གྱིས་རང་དམག་བསྡུས་ཏེ་ཕྱིར་ལོག་ནས་རང་ཁྱིམ་གྱི་ལྟེ་བ་ཡོད་སར་ཕྱིན་སྐབས། དབའ་ཁྲོམ་བཞེར་གྱིས་རང་ཉིད་བོད་ཀྱི་རྒྱལ་པོར་སྡོད་འདོད་ཀྱིས་འབྲོ་བཙན་བཞེར་དང་དེའི་དཔུང་ལ་སྐྱར་དུ་རྒོལ་བ་དང་ཆབས་ཅིག་ཏུ་རྒྱ་དམག་ལ་ཡང་རྒོལ་ཏེ་གཡུལ་སྤྲད་སྐབས། དེ་སྔོན་བོད་ཀྱི་དགྲ་ཡ་ཡུ་གུར་གྱི་དམག་དཔུང་ཞིག་མཚོ་སྔོན་གྱི་བྱང་ངོས་སུ་ཡོད་པ་རྒྱ་དམག་གིས་རོགས་རམ་དུ་བོས་ཏེ། རྒྱ་དང་ཡུ་གུར་གཉིས་བསྡོངས་ནས་དབའ་ཁྲོམ་བཞེར་གྱི་རུ་དཔུང་དང་འཁྲུགས། དབའ་ཁྲོམ་བཞེར་མེ་ཁྱི་༨༦༦ལོར་གཡུལ་དུ་བསད་པས་བོད་དམག་ཕམ། དེ་ནས་བཟུང་བོད་རྒྱལ་ཁབ་ཆེན་པོའི་བྱང་ཤར་དང་ཤར་ལྷོ་ཨ་མདོའི་མཚམས་ཀྱི་བོད་དམག་རྣམས་འཐོར། དར་མ་བཀྲོངས་ནས་ལོ་བཞི་ལྔ་ཙམ་ནས་ཤ་ཅུར་ཏུན་ཧོང་ཡོད་པའི་རྒྱའི་མི་མང་གིས་བོད་གཞུང་དམག་སྲིད་ཁང་ལ་ངོ་ལོག་བྱས་ཏེ། བོད་ཀྱི་ཆབ་སྲིད་དང་དམག་དོན་གྱི་ལས་བྱེད་པའི་གཙོས་ཤ་ཅུར་ཡོད་པའི་བོད་མི་རྣམས་ཕྱིར་འབུད་བྱས་ཟེར། བོད་ཀྱི་ནང་འཁྲུག་གི་གོ་སྐབས་དང་བསྟུན་ཏེ། ཁོང་ཚོར་འཛིན་སྐྱོང་དགོས་པའི་འཕྲིན་ཡིག་གོང་མ་ལ་ཕུལ་བ་བཞིན་གལ་གནད་ཆེ་བའི་ས་ཆ་ཤ་ཅུ་འདི་ནས་བཟུང་དགྲ་ལག་ཏུ་ཤོར། གང་ལྟར་བཙན་པོ་འདིའི་སྐབས་ནང་ཁུལ་འཁྲུག་ཟིང་ལ་མགོ་འཁོར་ནས་མཐའ་མཚམས་ཀྱི་ས་སྡེ་མང་པོ་དགྲ་ལ་ཤོར་བ་དང༌། ནང་ཁུལ་གྱི་འགལ་བ་བེད་སྤྱད་དེ་ཕ་རོལ་པོ་ལ་གོ་སྐབས་མང་པོ་ཐོབ་ཡོད་པ་ཐག་ཆོད་དེ། དེབ་དམར་དུ་འཁོད་པའི་རྒྱའི་ཡི་གེ་ལས། མེ་སྟག་ཕྱི་ལོ་༨༤༦ལོར་ཧོན་ཛུང་གི་བུ་གསུམ་པ། ཟོན་ཛུང་བསྐོས། དེ་ནས་བོད་ཀྱི་ས་ཆ་ཐམས་ཅད་ཕལ་ཆེར་རྒྱས་བླངས། དང་པོ་ཐང་གི་རྒྱལ་ཁབ་ཀིན་ཇང་ཧུ་ནས་བོད་ཀྱི་བར་ལ་ལེ་བར་སྟོང་ཚོ་དགུ་དང་དགུ་བརྒྱ་ཡོད། ཕྱིས་ཛུང་ཛུང་ནས་བཟུང་སྟེ་བོད་ལ་མཁར་མིག་སུམ་བརྒྱ་ཤོར། ཕྱིས་ཐང་གིས་ཐམས་ཅད་ཐོབ། ཟྭོན་ཛུང་ལོ་བཅུ་བཞི་ལ་སྲིད་བཟུང༌། ལོ་ལྔ་བཅུ་པ་ས་མོ་ཡོས་ཕྱི་ལོ་ ༨༥༩ ལ་འདས། ལྕག་འབྲུག་ཕྱི་ལོ་ ༨༦༠ ལ་དེའི་བུ་ཆེ་བ་གྷི་ཛུང་བསྐོས། དེ་ཕྱིན་ཆད་བོད་ལ་འབྲེལ་ཆད། ཅེས་བཤད།
Domain ལོ་རྒྱུས།

{{#arraymap:དབུ་གཡོར་འཁྲུག་སློང་

|; |@@@ | | }}