From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁ་གཏམ་ (1)
| Part of speech
|
མིང་ཚིག
|
| Definition
|
གཏམ་རྒྱུད་དམ་ངག་རྒྱུན་དུ་གྲགས་པ།
|
| Example
|
གྲོགས་པོ་ངན་པ་བསྟེན་ན་མཐའ་མར་ཕུང་བར་འགྱུར་ཏེ། ཁ་གཏམ་དུ། འུག་པའི་རྒྱལ་པོས་བྱ་རོག་གི ། བློན་པོ་བསྟེན་པས་ཕུང་ཞེས་གྲག། །ལྟ་བུ།
|
ཁ་གཏམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྐད་ཆ་ལ་འཇུག
|
| Example
|
ཁ་གཏམ་ཆད་ནས་ལོ་གསུམ་འགོར།
|
ཁ་གཏམ་ (3)
| Part of speech
|
མིང་ཚིག
|
| Definition
|
གཏམ་དཔེ་ལ་འཇུག་སྟེ།
|
| Example
|
འཇིག་རྟེན་ཁ་གཏམ་ལ། ཟས་མཆོད་ཁ་མ་འཕངས་ཟ་སྲོལ་མེད། །གཏམ་ཀུ་རེ་མ་བྱས་བཤད་སྲོལ་མེད། །ལྟ་བུ།
|