From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དབུ་མ་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱོགས་ལྷུང་མེད་པའམ་དཀྱིལ་གྱི་དོན།
|
| Example
|
ལམ་གྱི་དབུ་མར་སོང་ན་ཉེན་ཁ་མེད། ཁྱེད་དབུ་མར་བཞུགས་ནས་སྐད་ཆ་ཤོད་ལྟ་བུ།
|
དབུ་མ་ (2)
| Part of speech
|
མིང་ཚིག
|
| Definition
|
འཇིག་རྟེན་ན་མཐའ་དོར་བའི་དཀྱིལ་ལ་དབུས་ཞེས་པ་དང་འདྲ་བར་ཡོད་མེད་ལ་སོགས་པའི་མཐའ་གཉིས་སྤངས་པས་དབུས་ཉིད་དབུ་མའོ། །
|
| Domain
|
ཆོས་ལུགས།
|
དབུ་མ་ (3)
| Part of speech
|
མིང་ཚིག
|
| Definition
|
ལྟ་སྤྱོད་དམ་གྲུབ་མཐའ་ཐམས་ཅད་ལས་ལྷག་པའམ། འདིའི་གོང་ན་གཞན་མེད་པས་དབུ་མ་ཞེས་བྱ་སྟེ། ལུས་སམ་ཡན་ལག་རྣམས་ན་མགོ་བས་མཐོ་བ་མེད་པས་དབུ་ཞེས་ཟེར་བ་བཞིན་ནོ། །ཡང་ན་མཐའ་ཐམས་ཅད་ལས་གྲོལ་བས་དབུ་མ་སྟེ། དབུ་མ་རྒྱན་ཆུང་ལས། ཡོད་པ་མ་ཡིན་མེད་པའང་མིན། །གཉིས་ཀྱང་མ་ཡིན་གཉིས་མེད་མིན། །མཐའ་བཞི་དག་དང་བྲལ་བ་ལ། །དབུ་མ་པ་ཞེས་རབ་ཏུ་བརྗོད། །ཅེས་ཆོས་རྗེ་ས་པཎ་གྱིས་གཞུང་ལུགས་ལེགས་བཤད་ལས་གསུངས་སོ། ། དབུ་མའི་མཚན་ཉིད། མཐའ་གཉིས་རྣམ་པ་སྤང་བའི་ལམ་མོ། །སྒྲ་བཤད་སྐབས་སུ། ཇི་ལྟ་བ་དང་ཇི་སྙེད་པའི་ཤེས་བྱ་མཐའ་དག་གདོད་མ་ནས་ཡོད་མ་མྱོང་བས་ན་ཡོད་པའི་མཐའ་སེལ། སྔར་ཡོད་པ་ཞིག་རིགས་པའམ་འཕགས་པའི་ཤེས་མཐོང་གིས་མེད་པར་བྱས་པ་མ་ཡིན་པས་ན་མེད་པའི་མཐའ་སེལ། སུ་ཡང་ཡོད་མ་མྱོང་བས་ན་གཉིས་ཀ་ཡིན་པའི་མཐའ་སེལ། གང་ལ་ལྟོས་པའི་ལྟོས་ས་གཉིས་ཀ་ཡིན་པ་མི་སྲིད་ན། བལྟོས་ཆོས་གཉིས་ཀ་མ་ཡིན་པའང་ཁས་ལེན་པར་མི་ནུས་ཏེ། ལྟོས་གྲུབ་མ་ཡིན་པའི་ཆོས་ཁས་བླངས་ན་བདེན་གྲུབ་ལས་མ་འདས་པའི་ཕྱིར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གིས་དབུ་མའི་བྱུང་ཚུལ་ལས་གསུངས་སོ། ། དབུ་མའི་དོན་ནི། གང་ལ་དབྱེ་བའི་གཞི་ནི། རྩོད་ཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག ། དབུ་མའི་ལམ་དུ་དོན་གཅིག་པ། །གསུང་མཆོག་མཚུངས་པ་མེད་པ་ཡི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། རྟེན་ནས་འབྱུང་བ་ཉིད་ཀྱིས་རྟག་པ་དང་ཆད་པའི་མཐའ་གཉིས་ཀ་ལས་གྲོལ་བས་དབུ་མར་བཞག་ཅིང་། དབུ་མ་ཞེས་བྱ་བར་གྲུབ་ནའང་མཐའ་ལས་མ་འདས་པས་མཐའ་གང་དུ་ཡང་གྲུབ་པ་མེད་པ་དེ་ནི་སྐབས་འདིར་དབྱེ་གཞི་ཡིན་ནོ། །གང་དབྱེ་བའི་ངོ་བོ་ལ། དགག་བྱ་དགག་ཚུལ་གྱི་སྒོ་ནས་དབྱེ་བའི་དབུ་མ་དང། བགྲོད་བྱ་ཐེག་པའི་སྒོ་ནས་དབྱེ་བའི་དབུ་མ་དང་། བདེན་པ་གཉིས་ཀྱི་སྒོ་ནས་དབྱེ་བའི་དབུ་མ་དང་། ཡུལ་ཅན་གྱི་བློའི་སྒོ་ནས་དབྱེ་བའི་དབུ་མ་དང་། བརྗོད་བྱ་རྗོད་བྱེད་ལ་སོགས་པའི་སྒོ་ནས་དབྱེ་བའི་དབུ་མ་དང་། གང་ཟག་གི་ཆ་རྐྱེན་གྱི་སྒོ་ནས་དབྱེ་བའི་དབུ་མ་དང་དྲུག་གོ ། ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། །དབུ་མའི་དོན་ནི་ཡོད་མེད་དང་ཡིན་མིན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས། མཐར་འཛིན་པ་དང་མཚན་མར་འཛིན་པ་ཐམས་ཅད་སྤང་དགོས་སོ། །ཞེས་ལྟ་བའི་ཤན་འབྱེད་ལས་གསུངས་སོ། །
|
དབུ་མ་ (4)
| Part of speech
|
མིང་ཚིག
|
| Definition
|
གཞུང་བཀའ་པོད་ལྔའི་ཡ་གྱལ་ཟབ་མོ་སྟོང་པ་ཉིད་ཀྱི་རྣམ་གཞག་སྟོན་པའི་གཞུང༌།
|
དབུ་མ་ (5)
| Part of speech
|
མིང་ཚིག
|
| Definition
|
སྔགས། སྲོག་འཛིན་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་བྱེད་པའི་ལུས་ཀྱི་རྩའི་གཙོ་བོ་ཞིག་སྐྱེས་པ་དང་བུད་མེད་གཉིས་ཀའི་གཡས་གཡོན་སོགས་ཀྱི་མཐའ་ལ་མི་གནས་པར་དབུས་སུ་དྲང་པོར་གནས་པས་དབུ་མར་བཞག་ཅིང༌། ཐབས་ཤེས་དབྱེར་མི་ཕྱེད་པ། ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་དང༌། ཡེ་ཤེས་ཀྱི་རླུང་རྒྱུ་བའི་གནས། ཁ་དོག་ནི་སྔོ་སྐྱའོ།
|