27476
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། དབུ་མ་ཆེན་པོའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅུ་གཉིས་པ་ཡིན། བརྗོད་བྱ་ནི། མཐའ་བརྒྱད་སྤྲོས་བྲལ་གྱི་དབུ་མ་ཆེན་པོ་སྒོམ་པའི་ཚུལ་རྣམ་པར་བཞག་པ་མདོར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཇོ་ནང་ཁྲིད་བརྒྱའི་མཚན་སྡོམ་ལས། ཐུབ་ཆེན་འཇམ་དབྱངས་ཀླུ་གྲུབ་ཡབ་སྲས་གཉིས། ཟླ་གྲགས་རིག་པའི་ཁུ་བྱུག་པེ་ཉ་བ། ཟླ་རྒྱལ་རྫི་ལུང་གྲོ་སྟོན་བདུད་རྩི་གྲགས། ཞང་སྟོན་ཆོས་བླ་སྒོམ་པ་སེང་གེ་སྐྱབས། མཆིམས་ཆེན་སྨོན་ལམ་ཚུལ་ཁྲིམས་ཟེའུ་མཆེད། བློ་གྲགས་ཀུན་རྒྱལ་གྲུབ་ཤེ་གྲགས་སྟོན་པ། རྭ་སྟོན་ཡོན་ཏན་ཀུན་དགའ་མཆོག་གྲུབ་ཞབས། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། བྱང་སེམས་ཟླ་རྒྱལ་གྱིི་ཁྲིད་ལས་བཏུས་སོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |