27477

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མ་ཆོས་དབྱིངས་བསྟོད་པའི་རྣམ་བཤད་སྙིང་བོ་ (1)
Part of speech མིང་ཚིག
Definition ནང་གི་རྣལ་འབྱོར་དབུ་མ་གཞན་སྟོང་གི་སྐོར། གཞུང་མཚན་རྒྱས་པ། དབུ་མ་ཆོས་ཀྱི་དབྱིངས་སུ་བསྟོད་པའི་རྣམ་པར་བཤད་པ་སྙིང་བོ་གསལ་བ། མཛད་པ་པོ་ཇོ་ནང་བསོད་ནམས་བཟང་བོ། འགྲེལ་བྱ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་ཆོས་དབྱིངས་བསྟོད་པ། བརྗོད་བྱ་ནི་ཆོས་ཀྱི་དབྱིངས་ཀྱི་དབུ་མ་གཞན་སྟོང་། གཞུང་དངོས་ཀྱི་ལུས་ལ་གནས་སྐབས་གསུམ་གྱི་སྒོ་ནས་བསྟན་པ་སྟེ། གཞུང་དེར། སྦྱང་བྱ་སེམས་ཅན་གྱི་གནས་སྐབས། སྦྱོང་བྱེད་ལམ་གྱི་གནས་སྐབས། སྦྱངས་འབྲས་ཆོས་སྐུའི་གནས་སྐབས་དང་གསུམ། ཞེས་བྱུང་། མཛད་པའི་ཡུལ་དུས་དང་སྐུལ་བ་བོ་ནི་གཞུང་དེའི་མཇུག་ཏུ། ལུང་དང་རྟོགས་པའི་དབང་ཕྱུག་ཁ་ཆེ་པཎ་ཆེན་རི་ཁྲོད་པས་ནན་ཏན་དུ་བསྐུལ་བའི་ངོར། དགེ་སློང་བསོད་ནམས་བཟང་བོས། རྣམ་འཕྱང་ཞེས་བྱ་བ། ས་ཕོ་ཁྱིའི་ལོ། ས་གའི་ཟླ་བ། སྟོན་པ་མངོན་པར་བྱང་ཆུབ་པའི་ཚེས་ཀྱི་ཉིན། མཚལ་མིན་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི། བློ་ལྡན་བཟང་བོའོ། །ཞེས་ཕྱི་ལོ་ ༡༤༡༨ ལོ་སྟེ་དགུང་ལོ་བདུན་ཅུ་དོན་བརྒྱད་པར་བརྩམས་སོ། །