27481

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མ་ཐལ་འགྱུར་བའི་ཚད་མ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཚད་མའི་མཚན་ཉིད་ནི། མི་སླུ་བའི་རིག་པའོ། །གང་ལ་མི་སླུ་ན། གནས་སྐབས་གཉིས་ལས། ཐ་སྙད་ཀྱི་བདེན་པ་ལ་དང། གནས་ཚུལ་སེམས་པ་ལ་ཞུགས་པའི་ཚེ་ནི། དོན་དམ་པའི་བདེན་པ་ལའོ། །ཇི་ལྟར་མི་སླུ་ན། བློས་ཇི་ལྟར་དཔྱད་པ་དང། དོན་ལ་གནས་ཚུལ་མཐུན་པའོ། །ཀུན་རྫོབ་ཀྱི་བདེན་པ་ལ་གནས་པའི་དུས་ཀྱི་དང་། དོན་དམ་པའི་བདེན་པ་ལ་འཇུག་པའི་དུས་ཀྱི་གནས་ཚུལ་ལོ། །དང་པོ་ནི། སྤྱིར་འཇིག་རྟེན་རང་ལུགས་ཀྱི་ཀུན་རྫོབ་ནི། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ལྟ་བུ་ནི་ཀུན་རྫོབ་དང་། ཟླ་བ་གཅིག་སྣང་བའི་དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་ཟླ་གཅིག་ལྟ་བུ་ནི་དོན་དམ་པའི་བདེན་པའོ། །རྒྱུ་མཚན་དེའི་ཕྱིར་ཟླ་བ་གཉིས་སྣང་གི་དབང་ཤེས་ནི་སླུ་བ་ཡིན་ཏེ། ཡུལ་ཅན་གྱི་བློས་བཅད་པ་དང་འཇུག་ཡུལ་གྱི་གནས་ཚུལ་མི་མཐུན་པའི་ཕྱིར། ཟླ་བ་གཅིག་སྣང་གི་དབང་ཤེས་ལྟ་བུ་ནི་མི་སླུ་བ་ཡིན་ཏེ། དེ་དང་དེ་མཐུན་པའི་ཕྱིར་རོ། །དོན་དམ་བདེན་པ་ལ་འཇུག་པའི་དུས་ཀྱི་གནས་ཚུལ་ནི། མྱུ་གུ་བདེན་པའི་གཅིག་དང་དུ་བྲལ་དུ་རྟོགས་པའི་བློའོ། །དེ་མི་སླུ་བའི་རིག་པ་ཡིན་པ་ནི། དེ་དང་དེ་མཐུན་པའི་ཕྱིར། འོ་ན་དེའི་གནས་ཚུལ་ཅི་ཞེ་ན། དེས་བཅད་པའི་ཚེ་མྱུ་གུ་དེ་དང་དེར་མ་གྲུབ་པ་དེའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་དབུ་མ་ལུང་རིགས་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:དབུ་མ་ཐལ་འགྱུར་བའི་ཚད་མ་

|; |@@@ | | }}