27485
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་ཤིང་རྟའི་ལམ་སྲོལ་ཕྱེས་པའི་གྲུབ་མཐའ་ཞིག་ཏེ། བདེན་གྲུབ་ཀྱི་ཆོས་ཅུང་ཟད་ཙམ་ཡང་ཁས་མི་ལེན་པའི་ནང་པ་སངས་རྒྱས་པའི་གྲུབ་མཐའ་འཛིན་པ་ཞིག་ཡིན། གནའ་དུས་རྒྱ་གར་དང་། བོད། སོག་པོ་སོགས་ཡུལ་རྒྱ་ཆེར་དར་ལ། ད་ལྟའི་སྐབས་འཛམ་གླིང་གི་ཡུལ་གྲུ་ཕལ་མོ་ཆེར་དར་བཞིན་ཡོད། རྒྱལ་བའི་བཀའ་བར་མཐའ་གཉིས་དང་། ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་གཙོས་རིགས་ཚོགས་དང་། བྱམས་ཆོས་སྐོར། སངས་རྒྱས་བསྐྱངས་ཀྱི་བུདྷ་པ་ལི་ཏ། ཟླ་བ་གྲགས་པའི་ཚིག་གསལ། འཇུག་པ་རྩ་འགྲེལ། ལེགས་ལྡན་གྱི་ཤེས་རབ་སྒྲོན་མེ། ཞི་བ་འཚོའི་དབུ་མ་རྒྱན་སོགས་གཙོ་བོར་འཛིན་ལ། སློབ་དཔོན་ཆེན་པོ་འཕགས་པ་ལྷ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། ཡེ་ཤེས་སྙིང་པོ། ཞི་བ་འཚོ། ཀ་མ་ལ་ཤི་ལ་སོགས་བྱུང་། གཞུང་ཕྱི་མོ་དང་། ཐལ་འགྱུར་པ། རང་རྒྱུད་པ་སོགས་ཀྱི་དབྱེ་བ་སྣང་། |
{{#arraymap:དབུ་མ་པ་
|; |@@@ | | }}