27489

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མ་པའི་གྲུབ་མཐའ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཇོ་ནང་། དབུ་མ་པ། དེ་ལ་བཀའ་བར་བའི་དངོས་བསྟན་གྱི་དབུ་མ་དང་བཀའ་ཐ་མའི་དངོས་བསྟན་གྱི་དབུ་མ་དང་གཉིས་ལས། ཇོ་ནང་བླ་མ་ས་བཟང་མ་ཏི་པཎ་ཆེན་གྱི་སྤྱོད་འཇུག་རྣམ་བཤད་རབ་གསལ་སྣང་བ་ལས། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང༌། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག ། ཅེས་པ་ལྟར་མུ་སྟེགས་པ་འདོད་པའི་ཡན་ལག་ཅན་ལ་སོགས་པའི་བདག་དང༌། ཉན་ཐོས་པ་འདོད་པའི་ཕྱི་རོལ་གྱི་ཡུལ་བདེན་པར་མེད་པར་མ་ཟད། སེམས་ཙམ་པ་འདོད་པའི་རྣམ་པར་ཤེས་པ་དེ་ཡང་བདེན་པར་ཡོད་པ་མ་ཡིན་ཏེ། གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་ཕྱིར་དཔེར་ན་ནམ་མཁའི་པདྨ་བཞིན་ཞེས་པས་ཀུན་རྫོབ་རྣམ་ཤེས་ལ་སྣང་ཡང་དཔྱད་ན་རང་བཞིན་མེད་པར་སྟོན་པ་བཀའ་བར་བ་དང་མཐུན་པའི་དབུ་མ་དང༌། གློ་བུར་གྱི་དྲི་མས་སྟོང་བས་ཡོད་པའི་མཐའ་དང་བྲལ་ཞིང༌། རང་བཞིན་ཆོས་དབྱིངས་ཀྱིས་སྟོང་པ་མ་ཡིན་པས་མེད་པའི་མཐའ་དང་ཡང་བྲལ་ལ། ཡོད་མེད་གཞི་མཐུན་པ་འགལ་བས་གཉིས་ཡིན་གྱི་མཐའ་དང་བྲལ་བ་དང༌། དེ་བཀག་པ་གཉིས་མ་ཡིན་གྱི་མཐའ་དང་ཡང་བྲལ་བའོ་ཞེས་པས་དོན་དམ་ཡེ་ཤེས་ལ་སྣང་ཡང་མུ་བཞིའི་སྤྲོས་པ་དང་བྲལ་བར་སྟོན་པ་བཀའ་ཐ་མ་དང་མཐུན་པའི་དབུ་མའོ། །གྲུབ་མཐའ་བཞི་སྟོན་པའི་ཚིགས་སུ་བཅད་པ་འདི་རྣམས། འཇམ་དཔལ་གྱིས་མཛད་པའི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་དང༌། སྤྱན་རས་གཟིགས་ཀྱིས་མཛད་པའི་དྲི་མ་མེད་པའི་འོད་དང༌། འཕགས་པ་ལྷས་མཛད་པའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་དང༌། ཛེ་ཏཱ་རིས་མཛད་པའི་བདེ་གཤེགས་གཞུང་གི་རབ་བྱེད་རྣམས་ལས་མཐུན་པར་གསུངས་སོ། །
Domain ལྟ་གྲུབ།

{{#arraymap:དབུ་མ་པའི་གྲུབ་མཐའ་

|; |@@@ | | }}