27499
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཟུང་དུ་འཇུག་པའི་ལྟ་བ་རྩལ་དུ་འདོན་མཁན་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་ཏེ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། དབུ་མ་བའམ་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་པའི་དོན་ནི། མཐའ་གཉིས་དང་བྲལ་བའི་དབུས་ཁས་ལེན་པས་དབུ་མ་བ་དང་། ཆོས་རྣམས་བདེན་གྲུབ་ཀྱི་ངོ་བོ་ཉིད་མེད་པར་སྨྲ་བས་ན་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་གསུངས་སོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |