27517
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་མཁས་པ་ཆེན་པོ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པའི་དབུ་མ་རྒྱན་གྱི་འགྲེལ་པ་དབུ་མའི་ལམ་གྲུབ་པ། ལོ་ཙཱ་བ་ཤཱཀྱ་འོད་ཀྱིས་རང་འགྱུར་དུ་མཛད། སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་ལ་འགྱུར་བྱང་གི་རྗེས་སུ་དཔལ་རྒྱལ་པོ་འདོད་པའི་ལྷའི་རིང་ལ། དཔྱིད་ཟླ་ར་བའི་ངོ་ལ་བརྩམས་ཏེ་ལོ་བརྒྱ་བཞི་བཅུ་ལོན་ནོ། །ཞེས་དང་། བུ་སྟོན་དང་། པེ་ཅིང་པར་མ་དང་། སྣར་ཐང་པར་མ་སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་འདི་བོད་ན་སེམས་ཙམ་རྒྱན་ཞེས་གྲགས་ཞེས་འཁོད། བསྟན་འགྱུར་སེམས་ཙམ་ཧི་པར་བཞུགས། |