27518

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་དབུ་མ་རྒྱན་གྱི་འགྲེལ་པ་ཞིག་ཡིན། དེ་ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པས་རྒྱ་བོད་ཀྱི་འགྲེལ་པའི་ཡིག་ཆ་ཁག་ཅིག་གནང་ཞིང་། དེ་དག་ལ་ཞིབ་ཏུ་ལྟོས་ལ་དབུ་མ་རྒྱན་གྱི་འགྲེལ་བཤད་ཅིག་ཅིས་ཀྱང་འབྲི་དགོས་པའི་བཀས་བསྐུལ་མ་གནང་བ་ལ་བརྟེན་ནས། ཀུན་མཁྱེན་མི་ཕམ་གྱིས་དགུང་ལོ་སོ་གཅིག་པ། རབ་བྱུང་བཅོ་ལྔ་པའི་མེ་བྱི་ཕྱི་ལོ་༡༨༧༦ ལོའི་བོད་ཟླ་དང་པོའི་ཚེས་གསུམ་ལ་དབུ་བརྩམས་ཤིང་། གཞུང་འདིའི་སྔར་གྱི་རང་འགྲེལ་དང་འགྲེལ་ཆེན་གཞན་གྱི་དགོངས་དོན་རྣམས་ལ་གཞི་བཅོལ། རྩ་བ་མཛད་པ་པོའི་རྣམ་ཐར། གཞུང་དངོས་ཀྱི་རྩ་བའི་ས་བཅད་དང་ཡན་ལག་གི་ས་བཅད། བར་སྐབས་ཀྱི་ཚིགས་སུ་བཅད་པ་སོགས་ཀྱིས་ཟུར་བརྒྱན་ཏེ། གཞུང་དངོས་ཀྱི་བརྗོད་དོན་རྣམས་འབྲུ་འགྲེལ་བསྡུས་དོན་དང་བཅས་པ། ཟླ་དེའི་ཚེས་ཉེར་བཞི་ལ་ལེགས་པར་གྲུབ་ཀྱང་། ཕྱིས་སུ་བསྐྱར་དུ་ཁོང་གི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་དག་སྣང་ཉེར་བརྒྱད་ཀྱི་བཤད་ཁྲིད་གནང་སྐབས་ཤིག་ལ་གཞུང་འདི་ཉིད་ཞུས་དག་གནང་ཞིང་མཐའ་ཡོངས་སུ་གྲུབ་པར་མཛད་པའོ། །