27543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མཛད་ (1)
Part of speech མིང་ཚིག
Definition ཞལ་འདོན་དང་ཆོ་ག་སོགས་འདོན་སྐབས་ཐོག་མར་སྐད་བྱུང་ནས་འདོན་མཁན་གྱི་དོན།
Example དབུ་མཛད་ཀྱིས་དབྱངས་རྟ་སྙན་མོ་གྱེར་གྱིན་འདུག དབུ་མཛད་སྐད་ཅན་ཞིག་འདུག
དབུ་མཛད་ (2)
Part of speech མིང་ཚིག
Definition ལས་དོན་གྱི་འགོ་ཁྲིད་པའི་དོན།
Example ཁྱེད་ཀྱིས་དབུ་མཛད་ནས་ལས་ཀ་བྱས་ནས་མི་མང་གིས་རྒྱབ་སྐྱོར་བྱ་རྒྱུ་རེད། དབུ་མཛད་བཟང་པོའི་ལས་དོན་ལམ་འགྲོ་ཡོང་བར་སྨོན་ལྟ་བུ།