27553
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ན། །ཞེས་སོགས་མཐའ་བཞིའི་སྤྲོས་བྲལ་བསྟན་པའི་རིགས་པ་རྣམས་ཀྱི་དགག་བྱ་མཐའ་བཞིར་ཕྱེ་བ་སྟེ། འདི་ནི་ཐེག་ཆེན་གྱི་བྱང་ཆུབ་ཐོབ་པ་ལ་སྤྲོས་པ་མཐའ་དག་དགག་དགོས་པ་ལ་དགོངས་སོ། །ཞེས་ཀུན་མཁྱེན་གོ་རམས་པས་དབུ་མའི་སྤྱི་དོན་ལས་གསུངས་སོ། ། |
| Domain | ཆོས་ལུགས། |