27556
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཇོ་ནང་། དབུ་མ་པ། གཙོ་བོ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་རྣལ་འབྱོར་སྤྱོད་པའི་ལུགས་དང་། འཁོར་ལོ་བར་བ་ཁོ་ནའི་རྗེས་འབྲང་གི་དབུ་མ་ངོ་བོ་ཉིད་མེད་པའི་ལུགས་བཅས་ཀྱི་གྲུབ་མཐའི་བཞེད་ཕྱོགས་ཏེ། རྗེ་ཏཱ་ར་ནཱ་ཐས་མཛད་པའི་ཚུལ་གཉིས་རྣམ་འབྱེད་ཀྱི་དབུ་མ་ལས། རྣལ་འབྱོར་སྤྱོད་པའི་ལུགས། རྗེ་བཙུན་བྱམས་པ་དང་། འཕགས་པ་ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས་སོགས་རྣམ་རིག་སྨྲ་བའི་གཞུང་ལུགས་རྣམས་ཀྱི་གྲུབ་མཐའ་མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་བཀའ་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་ཀྱི་དགོངས་དོན་དང་། དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ལུགས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་རྣམས་ཀྱི་དགོངས་པ། སངས་རྒྱས་བསྐྱངས་ལེགས་ལྡན་ཟླ་བ་གྲགས་པ་ལ་སོགས་པ་རྣམས་ཀྱི་བཞེད་པ་བཀའ་འཁོར་ལོ་བར་བའི་དོན་བསྟན་གྱི་རིམ་པ་གཉིས་ལས། བོད་འདིར་དབུ་མ་རང་སྟོང་དུ་ཡོངས་སུ་གྲགས་པའི་དབུ་མ་ངོ་བོ་ཉིད་མེད་པའི་གཞུང་ལུགས་འཛིན་པ་རྣམས་ནི། ལུགས་སྔ་མ་དེ་སེམས་ཙམ་ལུགས་དང་། ཕྱི་མ་ལ་དབུ་མའི་ལུགས་ཞེས་གསུང་ཞིང་། གཞན་སྟོང་སྨྲ་པར་ཡོངས་སུ་གྲགས་པ་འཁོར་ལོ་ཐ་མ་འདི་ངེས་དོན་མཐར་ཐུག་ཏུ་བཞེད་པ་རྣམས་ནི། ལུགས་ཕྱི་མ་དེ་སྤྱིར་དབུ་མའི་གྲུབ་མཐའ་ཡིན་ཡང་། དབུ་མ་ལ་གནས་སྐབས་པའི་ངེས་དོན་དང་། མཐར་ཐུག་གི་ངེས་དོན་གཉིས་སུ་ཡོད་པ་ལས། དེ་གནས་སྐབས་པའི་ངེས་དོན་ཡིན་ཞིང་། ལུགས་སྲོལ་སྔ་མ་དེ་ལ་གནས་སྐབས་ཀྱི་གྲུབ་མཐའ་གཞན་དབང་བདེན་གྲུབ་ཏུ་འདོད་པ་དང་། གཞན་ཡང་རྣམ་པ་བདེན་པར་སྨྲ་བའི་ལུགས་ཀྱི་གྲུབ་མཐའ་རྣམས་ནི་སེམས་ཙམ་ཡིན་ལ། ཀུན་བཏགས་དང་གཞན་དབང་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་ཅིང་། ཡོངས་གྲུབ་གཉིས་མེད་ཀྱི་ཡེ་ཤེས་བདེན་གྲུབ་ཏུ་སྟོན་པའི་གྲུབ་མཐའ། གཞན་དག་སེམས་ཙམ་རྣམ་རྫུན་ཞེས་ཟེར་བ་ནི་ངེས་དོན་མཐར་ཐུག་གི་དབུ་མ་ཆེན་པོ་ཡིན་ནོ། །ཞེས་བརྗོད་དོ། ། |
| Domain | ཆོས་ལུགས། |