27557
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | པཎྜི་ཏ་དཱི་པཾ་ཀ་རས་མཛད་པའི་དབུ་མའི་མན་ངག ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འདིའི་སྒྱུར་བ་པོ་སྡེ་དགེ་པར་མ་དང་། ཅོ་ནེ་པར་མ་ལ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་དང་། པེ་ཅིང་པར་མ་དང་། སྣར་ཐང་དང་དཀར་ཆག་ཁག་ལ་པཎྜི་ཏ་དཱི་པཾ་ཀ་ར་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བ་གཉིས་འཁོད། ཡང་འགྱུར་བྱང་གི་རྗེས་སུ་ཚིགས་སུ་བཅད་པ་“ར་ས་འཕྲུལ་སྣང་གཙུག་ལག་ཆེན་དུ། །མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ། །བོད་ཀྱི་རྔོག་བཙུན་ལེགས་པའི་ཤེས་རབ་ཀྱིས། །གསོལ་བ་བཏབ་ནས་བདག་གིས་བསྒྱུར་བ་ཡིན། །གནས་བརྟན་མར་མེ་མཛད་དཔལ་གྱིས། །གཞུང་ལུགས་སྐྱེས་བུ་གསུམ་འཛིན་པ། །གོལ་བའི་ལམ་དུ་མི་འགྲོ་ཞེས། །ནག་ཚོ་ཚུལ་ཁྲིམས་རྒྱལ་བས་སྨྲས། །ཞེས་ཀྱང་འཁོད། བསྟན་འགྱུར་དབུ་མ་ཀི་པར་བཞུགས། |