27564

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མའི་རྣམ་གྲངས་བཅུ་བཞི་ (1)
Part of speech མིང་ཚིག
Definition དབུ་མ་ཆེན་པོ། ཇོ་ནང་། དབུ་མ་གཞན་སྟོང་། འཚོ་བའི་དབུ་མ། སྤྱོད་པའི་དབུ་མ། ཞི་ལྷག་ཟུང་འཇུག་གི་དབུ་མ། གང་ཟག་གི་བདག་མེད་ཙམ་ལ་བརྟེན་པའི་དབུ་མ། ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མ། ཀུན་རྫོབ་དབུ་མ། རྣམ་གྲངས་ཙམ་གྱི་དོན་དམ་དབུ་མ། དོན་དམ་པའི་དབུ་མ། ཡོངས་གྲུབ་ཁོ་ན་ལ་བརྟེན་པའི་དབུ་མ། བདེན་པ་གཉིས་ཀ་ལ་བརྟེན་པའི་དབུ་མ། དོན་གཉིས་ལ་བརྟེན་པའི་དབུ་མ། སྐུ་གཉིས་ལ་བརྟེན་པའི་དབུ་མ། ཡོན་ཏན་གཉིས་ལ་བརྟེན་པའི་དབུ་མ། འཕྲིན་ལས་གཉིས་ལ་བརྟེན་པའི་དབུ་མ་སྟེ་དབུ་མའི་རྣམ་གྲངས་བཅུ་བཞི་འདོད་དེ། ཇོ་ནང་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མའི་རྩ་བ་ལས། འཚོ་བ་མཐའ་གཉིས་སྤངས་པ་དབུ་མའི་ལམ། །སྤྱོད་པའང་བླང་དོར་མ་ནོར་དབུ་མ་སྟེ། །སྒོམ་པའི་ཞི་ལྷག་ཟུང་འཇུག་དབུ་མ་ཡིན། །ལྟ་བའི་གནས་སྐབས་ཀུན་ཏུ་དབུ་མ་སྦྱར། །བདག་དང་བྱེད་པོས་སྟོང་པས་ཡོད་མཐའ་སྤངས། །རྒྱུ་འབྲས་མི་བསླུ་ཆད་པའི་མཐའ་དང་བྲལ། །སེམས་རྒྱུད་ཙམ་ལས་ང་བདག་གཞན་མེད་ཕྱིར། །རྟག་པར་གནས་དང་སྔར་བྱུང་ཆད་པ་མེད། །ཀུན་བརྟགས་ནམ་ཡང་མེད་མོད་འཁྲུལ་ངོར་སྣང་། །ཀུན་རྫོབ་ཙམ་ལ་ལྟོས་པའི་དབུ་མའོ། །ཕྱི་རོལ་དོན་སྤང་སེམས་ནི་སྣ་ཚོགས་སྣང་། །རྣལ་འབྱོར་པ་ཡི་ཀུན་རྫོབ་དབུ་མ་ཡིན། །སེམས་དེ་གསལ་བར་འཆར་ཡང་རང་བཞིན་མེད། །རྣམ་གྲངས་ཙམ་གྱི་དོན་དམ་དབུ་མར་འདོད། །ཡོངས་གྲུབ་ཁོ་ན་གཉིས་ཀྱི་ཆོས་བྲལ་བ། །དོན་དམ་དབུ་མ་ཞེས་བྱར་རྒྱལ་རྣམས་བཞེད། །རྣམ་པ་ཐམས་ཅད་ཉིད་ཀྱང་མི་འགྱུར་བ། །དེ་ནི་དབུ་མའི་མཚན་ཉིད་མཐར་ཐུག་ཡིན། །མཁས་དང་གྲུབ་པར་རློམ་ཞིང་ཁས་ལེན་པ། །ཕལ་ཆེར་ཟབ་དོན་འདི་ལ་རབ་ཏུ་འཁྲུལ། །ཀུན་རྫོབ་སྣང་བ་རྟེན་འབྲེལ་མི་འགལ་ཡང་། །ངེས་པའི་དོན་དུ་འདི་དག་གང་ཡང་མེད། །དེ་ལྟར་སྟོང་པའང་བདེན་པ་གཉིས་ཀ་ལ། །བརྟེན་པའི་དབུ་མ་ཡིན་ཏེ་ཐུན་མོང་ལགས། །འབྲས་བུ་དོན་དང་སྐུ་གཉིས་ཡོན་ཏན་ལས། །ཁྱབ་དང་རྟག་པའི་དོན་གྱི་དབུ་མའོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།