27569

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མའི་ལམ་སྨོས་པར་བྱེད་པ་རྣམ་པ་བཅུ་གསུམ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ༡ གང་ཟག་སྟོང་པ་ཉིད་སྨོས་པར་བྱེད་པ། ༢ གང་ཟག་ལ་བདག་མེད་པ་སྨོས་པ། ༣ ཆོས་སྟོང་པ་ཉིད་སྨོས་པ། ༤ ཆོས་བདག་མེད་པ་སྨོས་པ ༥ སྒྲོ་འདོགས་པའི་མཐའ་སྨོས་པ། ༦ སྐུར་པ་འདེབས་པའི་མཐའ་སྨོས་པ། ༧ ཆོས་མངོན་པར་རྟོགས་པ་སྨོས་པ། ༨ ཆོས་མངོན་པར་རྟོགས་པ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་སྨོས་པ། ༩ དེ་ལྟར་ཞུགས་པའི་སེམས་ཉོན་མོངས་པ་དང་སྡུག་བསྔལ་དག་གིས་ཡོངས་སུ་མ་གཏུགས་པ་ཉིད་སྨོས་པ། ༡༠ བདག་མེད་པ་གཉིས་ལ་མོས་པའི་ཁྱད་པར་སྨོས་པ། ༡༡ བདག་མེད་པ་སྔ་མ་ཤོས་ཕྱི་མའི་རྒྱུ་ཉིད་ཡིན་པ་སྨོས་པ། ༡༢ མཐར་ཐུག་པའི་སྟོང་པ་ཉིད་སྨོས་པ། ༡༣ སྟོང་པ་ཉིད་དེ་ཉིད་ཀྱི་མཐུ་སྨོས་པ།
Domain ཆོས་ལུགས།