27571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་མའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་ངོ་བོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། དབུ་མ་པའི་འདོད་ཚུལ་ནི། འགྲེལ་ཆེན་ལས། གཟུང་འཛིན་གཉིས་ཀྱི་ཚུལ་ཀུན་བཏགས་དང་། གཉིས་སུ་སྣང་བ་གཞན་དབང་དང་། གཉིས་ཀྱིས་སྟོང་པའི་ཆོས་ཉིད་ཡོངས་གྲུབ་ཏུ་བཤད་ལ། དབུ་མ་སྣང་བ་ལས། མི་རྟག་སོགས་སུ་བདེན་པར་བཏགས་པ་དང་། མ་བཏགས་(བརྟགས)་པར་སྣང་བའི་རྟེན་འབྲེལ་དང་། དོན་དམ་པར་ངོ་བོ་ཉིད་མེད་པ་ལ་བཤད་དེ་དོན་མཐུན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས། པཎ་ཆེན་ཤཱཀ་མཆོག་གིས། ཆོས་རྣམས་ཀྱི་སྟེང་དུ་རྟོག་པས་སྒྲོ་བཏགས་པའི་ཆ་དེ། ཀུན་བཏགས་ཀྱི་མཚན་ཉིད། སྒྲོ་འདོགས་པའི་གཞིར་གྱུར་པའི་རྟེན། རྟེན་འབྱུང་སྒྱུ་མ་ལྟ་བུ་དེ། གཞན་དབང་གི་མཚན་ཉིད། ཆོས་ཅན་སྒྱུ་མ་ལྟ་བུའི་སྟེང་དུ་ཇི་ལྟར་སྒྲོ་བཏགས་པས་སྟོང་པའི་སྟོང་ཉིད་དེ། ཡོངས་གྲུབ་ཀྱི་མཚན་ཉིད་དོ། །ཅེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །
Domain ཆོས་ལུགས།