27584

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་ཞྭ་ (1)
Part of speech མིང་ཚིག
Definition བླ་དཔོན་སོགས་ཀྱི་ཞྭ་མོ། རྒྱུད་སྟོད་གྲྭ་ཚང་གི་ལུགས་ལ། དབུ་ཞྭ་ནི་ཁ་གང་སེར་སེར་དགོས་པ་ལས་གཞན་གནང་མི་ཆོག། །དེ་ཡང་ཞྭ་དཔང་ལ་སངས་རྒྱས་ཀྱི་ཞིང་ཁམས་ནང་། ཞྭ་སྒྲོ་སངས་རྒྱས་སྟོང་གི་མཚོན་དོན། ཞྭ་དཔང་གི་ནང་ཤ་དཀར་པོ། ཞྭ་ལག་ནང་ཤ་སྔོན་པོ། ཕྱི་ཤ་དམར་པོ་བཅས་རིགས་གསུམ་མགོན་པོའི་མཚོན་དོན། ཞྭ་ལྷག་གི་གོང་ལ་ཚེམ་བུ་བཅུ་གཉིས་ཡོད་པ་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མཚོན་དོན། ཞྭ་ལྷག་གི་སྟེང་དུ་ཕེན་སྔོན་པོ་གསུམ་ཡོད་པ་ནི་སྡེ་སྣོད་གསུམ་གྱི་མཚོན་དོོན་ཡིན།
Example བླ་མས་དབུ་ཞྭ་མནམས་ནས་རྟ་ལ་ཞོན། དབུ་ཞྭ་ཁྲ་རྒྱན་ཅན། གསེར་གྱི་དབུ་ཞྭ་ལྟ་བུ།
Type ཞེ་ས།