27594
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་གཞན་ལ། དབུ་རུ་ཀ་ཚལ་མི་འགྱུར་ལྷ་ཁང་ཞེས་འབོད། བོད་ཀྱི་སྟོད་ཁུལ་མལ་གྲོ་གུང་དཀར་རྫོང་ཁོངས་ཀྱི་དགོན་སྡེ་ཞིག་སྟེ། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞིའི་ནང་ཚན་ཞིག་ཡིན། དུས་རབས་བདུན་པའི་ནང་བཙན་པོ་སྲོང་བཙན་སྒམ་པོས་ལྷ་སའི་གཙུག་ལག་ཁང་གསར་བཞེངས་མཛད་སྐབས་ཝུན་ཁྲེན་ཀོང་ཇོས་སྤོར་ཐང་བརྒྱད་ཅུ་སྐོར་ནས་རྩིས་པ་ལྟར་ཁ་བ་ཅན་གྱི་ཡུལ་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དཔུང་མགོ་དང་། དཔྱི་མགོ་མནན་པ་རུ་བཞིའི་གཙུག་ལག་ཁང་བཞི་བཞེངས་ཞེས་གསལ་བ་ལྟར་དཔུང་མགོ་གཡས་པར་དབུ་རུ་ཀ་ཚལ་དེ་ཉིད་བཞེངས་པ་ཡིན་ནོ། །ཕྱིས་སུ་དེའི་ཡན་ལག་ཏུ་གསེར་ཤང་གིར་ཏི་བཞེངས་པ་ལས་དུས་རབས་བཅུ་བཞི་པའི་ནང་འབྲི་གུང་བླ་མ་རིན་པོ་ཆེ་ཕུན་ཚོགས་ཀྱིས་བཀའ་བརྒྱུད་ཀྱི་དགོན་སྡེ་ཞིག་འཛུགས་པར་མཛད་འདུག |