27612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་སེམས་ཐུན་མོང་གི་ལྟུང་བའི་མུ་བཞི་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ས་སྐྱ། ཐེག་ཆེན་ཀུན་མཐུན་པར། །ལྟུང་བའི་རྣམ་གཞག་མུ་བཞི་གསུངས། །ལྟུང་མེད་ལྟུང་དང་ལྟུང་བ་ཡི། །གཟུགས་བརྙན་ལྟུང་བ་མེད་པ་ཡི། །གཟུགས་བརྙན་ཞེས་བྱ་རྣམ་པ་བཞི། །བསམ་པ་དག་པའི་སྦྱིན་པ་སོགས། །རྣམ་པ་ཀུན་ཏུ་ལྟུང་བ་མེད། །བསམ་པ་ངན་པའི་སྲོག་གཅོད་སོགས། །རྣམ་པ་ཀུན་ཏུ་ལྟུང་བར་འགྱུར། །དགེ་བའི་སེམས་ཀྱིས་བསད་པ་སོགས། །ལྟུང་བའི་གཟུགས་བརྙན་ཡིན་ཞེས་གསུངས། །གཞན་ལ་གནོད་ན་བརྫུན་མིན་ཡང། །ལྟུང་བ་མེད་པའི་གཟུགས་བརྙན་ཡིན། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། ཐེག་ཆེན་དབུ་སེམས་ཀུན་མཐུན་པར་ལྟུང་བའི་རྣམ་གཞག་མུ་བཞི་གསུངས་ཏེ། ལྟུང་མེད་དང། ལྟུང་བ་དང། ལྟུང་བའི་གཟུགས་བརྙན་དང། ལྟུང་བ་མེད་པའི་གཟུགས་བརྙན་དང་རྣམ་པ་བཞིར་གསུངས་པའི་ཕྱིར། དཔེར་བརྗོད་ནི་བསམ་པ་དག་པའི་སྦྱིན་པ་དང་ཚུལ་ཁྲིམས་སོགས། བྱང་ཆུབ་སེམས་དཔའ་ལ་རྣམ་པ་ཀུན་ཏུ་ལྟུང་བ་མེད་དེ། བསམ་སྦྱོར་གཉིས་ཀ་དཀར་བའི་ཕྱིར། བསམ་པ་ངན་པའི་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་སོགས། བྱང་ཆུབ་སེམས་དཔའ་ལ་རྣམ་པ་ཀུན་ཏུ་ལྟུང་བར་འགྱུར་ཏེ། བསམ་སྦྱོར་གཉིས་ཀ་གནག་པའི་ཕྱིར། རང་དོན་གྱི་འཁྲི་བ་མེད་པར་གཞན་ཕན་དགེ་བའི་སེམས་ཀྱིས་འགྲོ་བ་མ་རུང་བའི་སྲོག་བཅད་པ་དང། གཞན་དོན་དུ་རྫུན་སྨྲས་པ་སོགས། ལྟུང་བའི་གཟུགས་བརྙན་ཡིན་ཏེ། ལྟུང་བར་སྣང་ཡང་བྱང་ཆུབ་སེམས་དཔའ་ལ་ལྟུང་མེད་ཡིན་པའི་ཕྱིར། གཞན་ལ་གནོད་ན་ཤེས་བཞིན་དུ་བརྫུན་མ་སྨྲས་པར་རྔོན་པ་ལ་རི་དྭགས་ཕྱོགས་འདི་ན་འདུག་གོ་ཞེས་བདེན་པར་སྨྲས་པ་ལྟ་བུ། ལྟུང་བ་མེད་པའི་གཟུགས་བརྙན་ཡིན་ཏེ། ལྟུང་མེད་དུ་སྣང་ཡང་བྱང་སེམས་ལ་ལྟུང་བར་འགྱུར་བའི་ཕྱིར་ཏེ། བྱང་སེམས་ཀྱི་དོན་དུ་གཉེར་བྱ་ནི་གཞན་དོན་ཉིད་ཡིན་པའི་ཕྱིར་རོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།