27626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུ་སྟོད་འབྲི་གུང་པའི་ཁྲི་འོག་ཏུ་དར་བའི་དགེ་ལྡན་པའི་དགོན་སྡེ་ཉེར་བཞི་ (1)
Part of speech མིང་ཚིག
Definition ༡ འབྲི་གུང་ཐེལ་དང་ཉེ་བའི་སར་ཆོས་སྡེ་ལྷུན་པོ་ལྷ་གཟིགས་གྲགས་པ་རྒྱ་མཚོས་བཏབ། དེང་སང་གྱང་རུལ་ཙམ་ལས་མི་སྣང་ ། ༢ རྭ་སྒྲེང་ནི། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་བཞེངས། ཨང་དང་གྲྭ་གྲངས་སུམ་བརྒྱ་སུམ་ཅུ་སོ་གཅིག་སྐོར ། ༣ ཡང་དགོན་རི་ཁྲོད་ནི། རྭ་སྒྲེང་མཁན་པོ་ན་རིམ་གྱིས་སྐྱོང་བ་ལས་སྒེར་དུ་བླ་མ་མེད། དགེ་སློང་ཉི་ཤུ་སྐོར ། ༤ རྭ་སྒྲེང་བསམ་གཏན་གླིང་ནི། ཨང་གཉིས་བཙུན་མ་ཉི་ཤུ་རྩ་དྲུག་སྐོར ། ༥ ཤང་མཁར་དགོན་ནི། མི་ཉག་པ་མགོན་པོ་ཡེ་ཤེས་ཀྱིས་བཏབ། ཨང་དང་གྲྭ་པ་ཉི་ཤུ་རྩ་གཉིས་སྐོར ། ༦ རི་ཆོས་དགོན་ནི། ལ་ལུང་པ་འོད་ཟེར་རྒྱ་མཚོས་བཏབ། ཨང་གཉིས་གྲྭ་པ་སུམ་ཅུ་སོ་བཞི་སྐོར ། ༧ བསམ་རྩ་སྒྲུབ་སྡེ་ནི། མགོན་པོ་ཡེ་ཤེས་དམ་པའི་བུ་ཆེན་ཞིག་གིས་བཏབ། ཨང་གཉིས་གྲྭ་བཅུ་སྐོར ། ༨ ཀླུངས་ཤོད་འབའ་ཚག་ཆོས་སྡེ་ནི། སེམས་དཔའ་ཆེན་པོ་རྒྱལ་མཚན་གྲགས་བཟང་བས་བཏབ། ཨང་དང་གྲྭ་པ་སུམ་ཅུ་སོ་བཞི་སྐོར ། ༩ ཀླུངས་ཤོད་དཔལ་འབར་སྒར་ནི། རྗེའི་དངོས་སློབ་མངའ་རིས་པ་བསོད་ནམས་རིན་ཆེན་གྱིས་བཏབ། ཨང་དང་གྲྭ་པ་དྲུག་ཅུ་རེ་ལྔ་སྐོར ། ༡༠ ཀླུངས་ཤོད་སྤྱིལ་བུ་བ་ནི། དགེ་བའི་བཤེས་གཉེན་འཆད་ཁ་བའི་སློབ་མ་སེ་ཁུན་པ་ཆོས་ཀྱི་རྒྱལ་མཚན་གྱིས་བཏབ། ཨང་དང་གྲྭ་པ་བཞི་བཅུ་ཞེ་བཞི་སྐོར ། ༡༡ དབྱེ་བོ་དགོན་གསར་ནི། འཇམ་དབྱངས་ཤྭཀྱ་རིན་ཆེན་པས་བཏབ། ཨང་གཉིས་གྲྭ་བཙུན་ཉི་ཤུ་རྩ་གཉིས་སྐོར ། ༡༢ མངའ་ཕུ་དགོན་པ་ནི། དབྱེ་བོ་དང་འདེབས་མི་གཅིག་ཅིང་བར་སྐབས་ཚུགས་ཀ་མ་ཞིག་ཙམ་ཡོད་ཀྱང་འབྲི་གུང་མགོན་རྒྱལ་གྱི་དུས་སྟོངས་པར་སྣང་། ༡༣ ཀླུང་ཤོད་བྱམས་པ་གླིང་ནི། དྲུང་ཚུལ་བཀྲས་པ་དང་དཔལ་འབྱོར་རྒྱལ་མཚན་པས་བཏབ། ཨང་དང་གྲྭ་པ་ལྔ་བཅུ་སྐོར ། ༡༤ ལྷ་རྩེ་དགོན་གསར་ནི། དཔལ་འབྱོར་རྒྱལ་མཚན་པས་བཏབ། ཨང་གསུམ་གྲྭ་བཙུན་བཅོ་བརྒྱད་སྐོར ། ༡༥ ཀླུངས་ཤོད་འོད་སྣ་ཆོས་སྡེ་ནི། གཡག་སྡེ་པཎ་ཆེན་གྱི་སློབ་མ་ཨེ་བཾ་གྱི་གདན་ས་པ་ཆོས་རྗེ་མགོན་པོ་ཡེ་ཤེས་ཀྱིས་བཏབ། ཨང་དང་གྲྭ་པ་བརྒྱ་དང་ཉི་ཤུ་རྩ་དྲུག་སྐོར ། ༡༦ གཞོ་རོང་མདོར་ཞྭ་ལྷ་ཁང་ནི། པཎ་ཆེན་བི་མ་ལ་རྒྱ་ནག་ཏུ་བཞུད་ནས་ལོ་ལྔ་བཅུ་སོང་བའི་ཚེ་ཆོས་རྗེ་ལེགས་པས་མདོ་ཁམས་སུ་སེར་བ་ཕབ་སྟེ་ནས་རྔ་མོའི་ཁལ་རྒྱབ་བརྒྱ་བཀལ་བྱུང་བ་ལ་ཉང་ཏིང་འཛིན་བཟང་པོས་རྡོ་རྗེ་འཕངས་པས་དམ་ཚིག་དྲན་ཏེ་ནས་ཕུལ་བ་ལ་མཐུན་རྐྱེན་བྱས་ཀླུ་བདུད་ནག་པོའི་ཁ་གནོན་དུ་མཆོད་རྟེན་དཀར་ནག་ཞབས་སྤྲོད། མ་གཟའ་རྡོར་ཡུམ་གྱི་སྨན་སྐུ་བཅས་བཞེངས་ཤིང་གདམས་པ་རྣམས་ཀེའུ་ཚང་རིམ་གསུམ་སྒོའི་ཀ་བའི་ཁོང་གསེང་རྣམས་སུ་སྦས། ཕྱིས་སྤྲུལ་པའི་གཏེར་སྟོན་ལྡང་མ་ལྷུན་རྒྱལ་གྱིས་ཟབ་གཏེར་ཆོས་མང་པོ་བཞེས་པ་སོགས་ཁྱད་པར་འཕགས། སླར་ཆོས་རྗེ་དྲི་མེད་འོད་ཟེར་རབ་ཀུན་མཁྱེན་ཀློང་ཆེན་པས་ཞིག་གསོ་མཛད། ཨང་དང་གྲྭ་པ་ཉི་ཤུ་རྩ་བཞི་སྐོར ། ༡༧ བྱ་ཡུལ་མང་ར་ནི། དགེ་བའི་བཤེས་གཉེན་བྱ་ཡུལ་བའམ་སྟོད་ལུང་པ་གཞོན་ནུ་འོད་ཅེས་པས་བཏབ། ཨང་དང་གྲྭ་པ་དྲུག་ཅུ་རེ་དྲུག་སྐོར ། ༡༨ སྐྱིད་ཆུ་ཤར་ཁའི་དབུ་སྟོད་སྟག་ཕུ་ཆོས་སྡེ་ནི། སྔོན་ཇོ་བོ་རྗེའི་སློབ་མ་རིན་ཆེན་སྙིང་པོས་གཙུག་ལག་ཁང་རྙིང་པ་བརྩིགས། ལོ་མང་པོ་སོང་རྗེས་ཀུན་དགའ་དོན་གྲུབ་ཨེ་ཀོང་པོར་འཁྲུངས་ཤིང་ཆོས་ཁང་བརྩིགས། ཨང་གཉིས་གྲྭ་པ་བརྒྱད་ཅུ་གྱ་བརྒྱད་སྐོར ། ༡༩ སྙུག་རུམ་ནི། བརྩོན་འགྲུས་འབར་གྱིས་བཏབ། ཕྱིས་དགོན་པའི་ཚུགས་ཀ་མི་སྣང་ངོ་། ། ༢༠ མས་དྲོ་ཆོས་འཁོར་སྒང་ནི། བླ་མ་ཆོས་ཀྱི་རྒྱལ་མཚན་པས་བཏབ། ཨང་གཉིས་གྲྭ་བཙུན་ཉི་ཤུ་སྐོར ། ༢༡ མས་དྲོ་རྒྱལ་བཟང་ནི། མཁར་ལས་དང་པོ་མ་གཅིག་ཞ་མ་ལྕམ་གྱིས་བཏབ། ཨང་དང་གྲྭ་བཙུན་ཉེར་བཞི་སྐོར ། ༢༢ མཁར་སྐྱ་ཆོས་སྡེ་ནི། བླ་མ་སངས་རྒྱས་ཚུལ་ཁྲིམས་དང་། དྲུང་སངས་རྒྱས་བསམ་གྲུབ། རྫོང་དཔོན་བཟང་ངེ་བ་མཆོད་ཡོན་གྱིས། གོང་མ་ཚེས་གཉིས་རིན་པོ་ཆེ་དཔལ་ངག་གི་དབང་པོ་བཀའ་རྒྱུད་རྣམ་པར་རྒྱལ་བའི་ལྷ་ལ་དགོངས་པ་ཞུས་ནས། ཟུར་ཕུག་མདར་འདུས་སྡེ་འདི་བསྐྲུན། ཨང་དང་གྲྭ་པ་བརྒྱད་ཅུ་གྱ་གཉིས་སྐོར ། ༢༣ ཆོས་སྡེ་རིན་ཆེན་གླིང་ནི། དྲུང་ནས་དཔའ་བས་ཐུགས་ཁུར་བཞེས་ཏེ་བྱང་སེམས་འདུལ་བ་པ་དགེ་འདུལ་རིན་ཆེན་པས་རབ་བྱུང་བདུན་པའི་མེ་སྤྲེ་ལོར་བཏབ། ཨང་དང་གྲྭ་པ་བརྒྱ་དང་བདུན་ཅུ་དོན་དྲུག་སྐོར ། ༢༤ རུ་ཐོག་དགོན་ནི། ཞང་ཚལ་པའི་སློབ་མ་རྟོག་ལྡན་བདེ་བ་གཞོན་ནུས་བཏབ། ཨང་དང་གྲྭ་པ་ཉི་རྩ་བདུན་སྐོར་བཅས་སོ། །
Domain ལོ་རྒྱུས།

{{#arraymap:དབུ་སྟོད་འབྲི་གུང་པའི་ཁྲི་འོག་ཏུ་དར་བའི་དགེ་ལྡན་པའི་དགོན་སྡེ་ཉེར་བཞི་

|; |@@@ | | }}