From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
དབུགས་ཀྱི་འཁོར་ལོ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག རླུང་རྣམས་རོ་རྐྱང་གཉིས་ཀྱི་དབང་བྱས་ནས་སྣ་བུག་གཡས་གཡོན་དུ་འབབ་ཅིང་། སྣ་བུག་གཡས་རོ་མའི་ཆོས(ཚེས)་ལ་ས་རླུང་ནམ་མཁའི་རིམ་པས་འབབ་པས་འཕོ་ཆེན་རེ་རེའི་ནང་དུ་ཡང་སྡུད་རིམ་གྱིས་འབྱུང་ཞིང་། དུས་སྦྱོར་ཡང་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་དྲུག་དང་སྦྱོར་ཞིང་། གཡོན་རྐྱང་མའི་ཆོས(ཚེས)་ལ་ནམ་མཁའ་རླུང་མེ་ཆུ་སའི་དབྱེ་བས་འཕོ་ཆེན་རེ་རེའི་ནང་དུ་ཡང་སྐྱེ་རིམ་གྱིས་འབབ་ལ། དུས་སྦྱོར་ཡང་ལུག་ལ་སོགས་པ་མི་མཉམ་པ་དྲུག་གོ ། དེ་ལ་དཀྱིལ་འཁོར་རེ་རེ་ནི་འཕོ་ཆུང་ཡིན་ལ། དབུགས་སུམ་བརྒྱ་དྲུག་ཅུ་པ་རེ་རེའོ། །དེ་ལྟ་བུ་ལྔ་ལྔ་སྡོམ་པ་ལས་འཕོ་ཆེན་རེ་དང་དུས་སྦྱོར་རེ་སྟེ། དབུགས་ཆིག་སྟོང་བརྒྱད་བརྒྱ་པ་རེའོ། །དེ་བཅུ་གཉིས་ནི་ཞག་གཅིག་སྟེ་དབུགས་གཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ནི་དབུགས་ཀྱི་འཁོར་ལོ་ཆ་ཚང་བ་གཅིག་ཡིན་པས། དེ་ཉིད་ཡང་དང་ཡང་དུ་འཁོར་རོ་ཞེས་རེ་ཞིག་དེ་ཙམ་བརྗོད་དོ། །
|
| Domain
|
ཆོས་ལུགས།
|
དབུགས་ཀྱི་འཁོར་ལོ་ (2)
| Part of speech
|
མིང་ཚིག
|
| Definition
|
དུས་དབུགས་གནས་ཀྱི་གྲངས་ཀ་ལོངས་ཚད་དེ། གནས་དེར་གྲངས་དྲུག་ཟིན་པ་ན་དབུགས་ཀྱི་འཁོར་ལོ་གཅིག་ལོངས་པ་ཡིན། རིགས་ལྡན་སྙིང་ཐིག་ལས། རི་མཁའ་རི་དང་དུས་མཁའ་རོ། །ཞེས་བྱུང་། །
|
| Domain
|
རྩིས་རིག
|