27643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་ལྔའི་ཡ་གྱལ་ཞིག་རྙིང་མའི་གཞུང་ལས་མཐོང་ལམ་དུ་འཇིགས་པ་ལྔ་དང་བྲལ་ཞིང་ཆོས་ཉིད་མངོན་སུམ་མཐོང་བས་འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་འདས་པས་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ཞེས་བྱའོ། །
Domain ཆོས་ལུགས།
དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་ལྔ་ལས་མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཡོངས་སུ་མི་ལྡོག་པའི་ཏིང་ངེ་འཛིན་ཐོབ་པས་དབུགས་དང་པོ་ཕྱིན་པ་དབུགས་ཆེན་འབྱིན་པའི་རྣལ་འབྱོར་པ། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་ཏིང་ངེ་འཛིན་གྱི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག