27653
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པ་འི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ རེ་རེ་ནས་བགྲང་བ་ནི། དབུགས་རྔུབ་པ་དང༌། དབུགས་འབྱུང་བ་ལ་དམིགས་པ་དང་ལྡན་པའི་དྲན་པས། གང་གི་ཚེ་དབུགས་རྔུབ་པ་བརྔུབས་པ་དེའི་ཚེ། གཅིག་ཅེས་བགྲང་བར་བྱེད་པ་དང༌། གང་གི་དབུགས་རྔུབ་པ་འགགས་ཏེ། དབུགས་འབྱུང་བ་འཐོན་ཞིང་བྱུང་བར་གྱུར་པ་དེའི་ཚེ་ན། གཉིས་ཞེས་བགྲང་བར་བྱེད་ཅིང་དེ་ལྟར་བགྲང་བའི་གྲངས་དེ་དག་ཧ་ཅང་ཡང་མི་ཉུང༌། ཧ་ཅང་ཡང་མི་མང་བར་བཅུའི་བར་དུ་བགྲང་བར་བྱེད་པ་དེ་ནི། རེ་རེ་ལས་བགྲང་བ་ཞེས་བྱའོ། ། ༢ ཟུང་དུ་བགྲང་བ་ནི། གང་གི་ཚེ་དབུགས་རྔུབ་པ་བརྔུབས་ཏེ་འགགས་པར་གྱུར་ནས། དབུགས་འབྱུང་བ་འཐོན་ཞིང་བྱུང་བར་གྱུར་པ་དེའི་ཚེ་ན། གཅིག་ཅེས་བགྲང་བར་བྱེད་ཅིང་བགྲང་བའི་ཚུལ་དེས་བཅུའི་བར་དུ་བགྲང་བར་བྱེད་པ་དེ་ནི་ཟུང་དུ་བགྲང་བ་ཞེས་བྱ་སྟེ། དབུགས་རྔུབ་པ་དང༌། དབུགས་འབྱུང་བ་དེ་གཉིས་གཅིག་ཏུ་བསྡུས་ནས་གཅིག་ཅེས་བགྲང་བར་བྱེད་པ་ནས། དེའི་ཕྱིར་ཟུང་དུ་བགྲང་བ་ཞེས་བྱའོ། ། ༣ རྗེས་སུ་མཐུན་པར་བགྲང་བ་ནི། རེ་རེ་ནས་བགྲང་བ་འམ། ཟུང་དུ་བགྲང་པ་འདིས་གཅིག་ནས་བཅུའི་བར་དུ་གྲངས་ཀྱི་ལུགས་བཞིན་དུ་བགྲང་བ་སྟེ། དེ་ནི་རྗེས་སུ་མཐུན་པར་བགྲང་བ་ཞེས་བྱའོ། ། ༤ རྗེས་སུ་མི་མཐུན་པར་བགྲང་བ་ནི། བཅུ་ནས་བཟུང་སྟེ་དགུ་དང༌། བརྒྱད་དང༌། དྲུག་དང༌། ལྔ་དང༌། གཅིག་གི་བར་དུ་གྲངས་གཅིག་གི་ལུགས་དང་མི་མཐུན་པར་བགྲང་བ་སྟེ། དེ་ནི་རྗེས་སུ་མི་མཐུན་པར་བགྲང་བ་ཞེས་བྱའོ། ། |
| Domain | ཆོས་ལུགས། |