27696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུགས་སྒང་ (1)
Part of speech མིང་ཚིག
Definition ཟླ་བའི་འགོ་ཚུགས་པ་དང་དཀྱིལ་ལ་སླེབས་པའི་དུས་ཀྱི་རྟགས་ཏེ། ཕུག་ལུགས་ལ། འཛམ་གླིང་ཆེན་པོའི་ས་དུམ་བུ་བཅུ་གཉིས་ལ་ཁྱིམ་སླེབས་འདྲ་ཡང་། ས་ཚིགས་དབང་གིས་དཔྱིད་ཟླ་སོགས་འགོ་ཚུགས་དུས་མི་འདྲ་ཞིང༌། དུས་བཞི་མི་འགྱུར་བའི་ཆེད་དུ་ཁྱིམ་ཟླ་བཅུ་གཉིས་རེ་རེར་དབུགས་ཐོབ་དང་སྒང་ཚད་རེ་རེ་སྟེ་དུས་ཚིགས་ཉེར་བཞི་ཐོབ་ཚུལ་མི་འདྲ་བ་འབྱུང༌། དེ་ཡང་ལྷོ་གླིང་དབུས་མར་ཉི་མ་ལུག་ཁྱིམ་དུ་སླེབས་དུས་དཔྱིད་མཉམ་ཡིན་པར་ངེས་ཀྱང༌། རང་ཅག་ས་ཚིགས་འདིར་ཁྱིམ་སླེབས་ནས་ཁྱིམ་ཞག་བརྒྱད་འདས་མཚམས་སུ་རང་སྒང་ཤར། ཁྱིམ་སླེབས་སྔོན་དུ་ཁྱིམ་ཞག་བདུན་གྱི་མཚམས་སུ་དབུགས་ཐོབ་འབྱུང་ལ། ཚེས་ཟླའི་དབང་དུ་བྱས་ན་སྒང་ནི་རང་རང་གི་ཚེས་གཅིག་ནས་གནམ་སྟོང་བར་གང་དུ་འཁེལ་བ་ངེས་པ་མེད་ཀྱང༌། ཚེས་གང་རུང་ཞིག་ལ་ངེས་པར་སྒང་ཤར་དགོས། གལ་ཏེ་སྒང་དང་བྲལ་ན་ཟླ་བ་དེ་ཟླ་བཤོལ་དུ་འདོན།
Domain རྩིས་རིག