27721
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་བདག་དབུལ་པོ་ནད་པ་ཞིག་སྲ་བརྐྱང་དབུལ་དུ་འཇུག་པ་ལས་སོ། །དགག་བྱ་ནི་སྦྱིན་བདག་གི་ལོངས་སྤྱོད་ལ་གནོད་པའོ། །དགེ་སློང་མས་ཁྱིམ་པ་དབུལ་པོ་སྲ་བརྐྱང་སྦྱོར་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཊཱི་ཀ་ལས་ཐོབ་ན་དངོས་གཞིའོ། །སྲ་བརྐྱང་གི་ཟོང་ཙམ་དབུལ་པོ་སྦྱོར་དུ་བཅུག་པ་ལ་ཡང་དངོས་གཞིའོ། །ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དབུལ་པོ་ལ་དགེ་འདུན་གྱི་དོན་དུ་ཆོས་གོས་སྲ་རྐྱང་གི་ཟོང་ཙམ་སྦྱོར་དུ་བཅུག་པ་ནི། གཞན་ལ་གནོད་པར་སྤྱོད་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |