27727
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བུ་མོ་སུ་ཞིག་རང་ལོའི་དབང་ཁམས་གནམ་ལོའི་དབང་ཁམས་ཀྱིས་གཅོད་པ་དང་། བབས་སྨེ་བདུན་དམར་གྱིས་གཅོད་པ་དང་། ལོག་མེན་ལོ་ལྕགས་བཞིའི་ཁོངས་སུ་གཏོགས་པ་བཅས་འདོམ་དུས་དེར་བག་མར་འགྲོ་བ་ལ་ཟེར་ཞིང་། དེ་ལྟ་བུའི་བག་མ་ཤར་དུ་གོམ་པ་ཉེར་གཅིག་སར་མན་ངག་བཞིན་དུ་སྦ་དགོས། གལ་སྲིད་སྨེ་ཕྲེང་བར་མའི་ས་ཡོས་ལོ་མ་རང་ལོ་ཞེ་དྲུག་སྟེང་དུ་བག་ལ་འགྲོ་བར་ཆ་བཞག་ན། ལོ་དེར་ཤར་བའི་གནམ་ལོ་སྨེ་ཕྲེང་འོག་མའི་ཤིང་ཕོ་བྱི་བའི་དབང་ཁམས་ཤིང་བག་མའི་རང་ལོའི་དབང་ཁམས་སའི་དགྲར་འགྲོ་བས་གཅོད་པ་མ་ཟད། ལོ་དེའི་བབས་སྨེ་བདུན་དམར་དང་ལོག་མེན་ལོ་ལྕགས་བཞིའི་ནང་གསེས་ལྕགས་ཕག་ཡིན་པ་བཅས་འདོམ་པ་ལྟ་བུ་ཡིན། |
| Domain | རྩིས་རིག |