27749

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབུས་པ་ཇོ་བོ་བསོད་ནམས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ས་བྱི་ཕྱི་ལོ་ ༡༡༦༨ ལོར་གཡུ་རུ་སྟོད་དུ་ཡབ་རྟ་སྟོན་ཇོ་བོ་འབུམ་གྱི་སྲས་སུ་འཁྲུངས། ཞིག་པོ་བདུད་རྩི་བསྟེན། སེམས་ཕྱོགས་ཀྱི་རྒྱུད་གདམས་ངག་ཀུན་ལ་གསན། བླ་ཆེན་ཡོན་ཏན་གཟུངས་བསྟེན། མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་ལ་གསན། ཞིག་པོ་བདུད་རྩི་དང་། བླ་ཆེན་ཡོན་ཏན་གཟུངས་གཉིས་ཀྱི་ཐུགས་སྲས་དབུས་པ་ཇོ་བསོད་ཅེས་མཁས་པའི་ཕུལ་དུ་ཕྱིན། སོ་གཅིག་པ་རབ་བྱུང་གསུམ་པའི་ས་རྟ་ཕྱི་ལོ་ ༡༡༩༨ ལོར་སྐུ་གཤེགས། སྒྱུ་འཕྲུལ་གཙོ་བོར་གྱུར་པའི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།

{{#arraymap:དབུས་པ་ཇོ་བོ་བསོད་ནམས་

|; |@@@ | | }}