27775

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབེན་གསུམ་ (1)
Part of speech མིང་ཚིག
Definition དབེན་པ་གསུམ་གྱི་བསྡུས་ཚིག་སྟེ། མདོ་སྔགས་ཐུན་མོང་དུ་ལུས་འདུ་འཛིས་དབེན་པ་དང་། སེམས་མི་དགེ་བའི་རྣམ་རྟོག་གིས་དབེན་པ། སྒོ་གསུམ་ཐ་མལ་གྱི་སྣང་ཞེན་གྱིས་དབེན་པ་སྟེ་གསུམ།
Domain ཆོས་ལུགས།
དབེན་གསུམ་ (2)
Part of speech མིང་ཚིག
Definition དབེན་པ་གསུམ་གྱི་བསྡུས་ཚིག་སྟེ། གསང་སྔགས་རྫོགས་རིམ་གྱི་རྣལ་འབྱོར་ཞིག་སྟེ། འགྲོ་བའི་ཁམས་ཐམས་ཅད་ནི་རླུང་གི་གཞན་དབང་དུ་གྱུར་པ་ཡིན་པས་དེ་དབང་དུ་འདུས་པའི་ཐབས་རྡོ་རྗེའི་བཟླས་པ་ངག་དབེན་དང་། སེམས་ལ་དམིགས་པ་སེམས་དབེན་དང་། བདག་བྱིན་གྱིས་བརླབས་པ་སྒྱུ་ལུས་བཅས་སོ། །