27816

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབོན་འབྲིང་དང་པོ་ (1)
Part of speech མིང་ཚིག
Definition ཀརྨ་ངེས་ལེགས་བསྟན་འཛིན་ནི། ཕྱི་ལོ་ ༡༧༠༥ རབ་བྱུང་བཅུ་གཉིས་པའི་ཤིང་མོ་བྱའི་ལོར་སི་ཏུ་པཎ་ཆེན་དང་ཡབ་ཡུམ་གཅིག་པར་འཁྲུངས། ཆུང་ངུའི་དུས་ནས་རྒྱལ་དབང་བདུད་འདུལ་རྡོ་རྗེ་དང༌། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་སོགས་མཁས་གྲུབ་དུ་མར་བསྟེན་ནས་མཁས་བཙུན་གྲུབ་པའི་མངའ་བདག་ཆེན་མོར་གྱུར། ཁྱད་པར་དུ་གསོ་བ་རིག་པ་དང་སྐར་རྩིས་རིག་པ་ལ་སྦྱངས་པ་ཕུལ་དུ་བྱུང་བར་གྱུར། གདན་ས་དཔལ་སྤུངས་སུ་ལྔ་རིག་སློབ་གླིང་ཚུགས་སྐབས་རིག་གནས་སྤྱི་དང༌། ལྷག་པར་གསོ་བ་རིག་པའི་སྐོར་ལ་ཞབས་འདེགས་ཆེན་པོ་ཞུ་མཁན་གྱི་ཡ་གྱལ་ཞིག་ཡིན། ཕྱི་ལོ་ ༡༧༣༢ རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ལོར་རྩིས་གཞུང་ཉེར་མཁོ་བུམ་བཟང་ངམ་ཀར་མཛོད་བརྩམས། ནད་རིགས་ཐམས་ཅད་ཀྱི་གསོ་ཐབས་ལག་ལེན་མན་ངག་རྒྱུད་རྗེས་སུ་མཐུན་པར་གསོ་དཔྱད་ཀྱི་གཞུང་(སྨན་བསྡུས་ཨེ་ཕན་བདེའི་བསིལ་ཟེར་སྤྲོ་བའི་ཟླ་བ་གསར་པ། ) གསོ་བ་རིག་པའི་མན་ངག་མཐའ་དག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་(སྨན་བསྡུས་ཝཾ་ཕན་བདེ་ནོར་བུའི་བང་མཛོད་)ཅེས་པའི་པོད་གཉིས་བརྩམས་པར་མཛད། རྗེ་འདིས་རྒྱ་མཚོ་ཆེན་པོ་ཆུས་ངོམས་པ་མེད་པ་ལྟར་མུ་མཐུད་མཁས་དབང་ཡོངས་འཛིན་དམ་པ་ཆེས་མང་པོ་བསྟེན་ཏེ། མདོ་སྔགས་རིག་གནས་དང་བཅས་པར་སྣང་བྱེད་བློ་ལྡན་ཡིད་ཀྱི་པདྨོ་ཕྱེ་བ་མ་ཧཱ་པཎྜི་ཏ་ཆེན་པོར་གྱུར། གསུང་རྩོམ་ནི། གོང་གི་སྨན་གཞུང་དེ་དག་དང་། སྡོམ་གསུམ་རྣམ་ངེས་འགྲེལ་པ། མཛོད་འགྲེལ་པོད་གཉིས། རྗེ་སི་ཏུ་པཎ་ཆེན་ལ་སྙན་ངག་གི་ལམ་ནས་བསྟོད་པ་ཡིད་འོང་ལྕུག་ཕྲན་གཞོན་ནུ་སོགས་མཁས་པ་ཀུན་གྱིས་ལེགས་བཤད་དང་ཚད་མའི་ཡུལ་དུ་འཛིན་པའི་གསུང་རྩོམ་མང་། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྡོ་རྗེ་གྲགས་པ་དང༌། རྟ་མགྲིན་མགོན་པོ། སྨན་སློབ་འཚོ་བྱེད་ཚུལ་ཁྲིམས་འོད་གསལ་སོགས་མཁས་པའི་མཚན་གྱི་ཅོད་པན་དཔྱངས་པ་མཐའ་ཀླས། དེ་ལྟར་ཕྲིན་ལས་རྒྱས་པར་སྤེལ་ཏེ་མཐར་དགུང་ལོ་ང་བཞི་བཞེས་པ། ཕྱི་ལོ་ ༡༧༥༩ ལོར་རབ་བྱུང་བཅུ་གསུམ་པའི་ས་ཡོས་བོད་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་སྐུའི་བཀོད་པ་བསྡུས་སོ། །

{{#arraymap:དབོན་འབྲིང་དང་པོ་

|; |@@@ | | }}