27818

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབོན་འབྲིང་སྐུ་ཕྲེང་གསུམ་པ་ (1)
Part of speech མིང་ཚིག
Definition སྐྱབས་མགོན་སྲིད་སྐྱོང་རྣམ་རྒྱལ་ལམ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་དར་རྒྱས་ལྷུན་གྲུབ་ངེས་དོན་དབང་པོ་ནི། འབྲས་ལྗོངས་ཆོས་རྒྱལ་སྐུ་རབས་བདུན་པ་ཕྱི་ལོ་ ༡༨༡༩ ལོར་འབྲས་ལྗོངས་ཆོས་རྒྱལ་མི་དབང་གཙུག་ཕུད་རྣམ་རྒྱལ་གྱི་སྲས་སུ་འཁྲུངས། དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཐེག་པ་མཆོག་གི་རྡོ་རྗེས་ཕྱི་ལོ་ ༡༨༤༢ ལོར་བཀའ་ཤོག་གི་ལམ་ནས་ངོས་འཛིན་དང་རྒྱལ་དབང་མཆོག་གི་མདུན་ནས་རབ་ཏུ་བྱུང་ཞིང་སྐྱབས་མགོན་སྲིད་སྐྱོང་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་དར་རྒྱས་ལྷུན་གྲུབ་ངེས་དོན་དབང་པོ་ཞེས་པའི་མཚན་གསོལ། ཀརྨ་རབ་བརྟན་གླིང། ཀརྨ་བཀྲ་ཤིས་ཆོས་འཁོར་གླིང། ཀརྨ་ཆོས་འཁོར་གླིང། ཀརྨ་འཆི་མེེད་ཡང་དབེན། ཀརྨ་སྒྲུབ་བརྒྱུད་བསྟན་དར་གླིང་སོགས་ཀྱི་སྤྱི་ཁྱབ་ཆོས་ཀྱི་རྗེ་བོ་དམ་པར་དབང་བསྐུར་བར་བརྟེན། གདན་ས་དཔལ་སྤུངས་དགོན་ལ་མ་གནང་ནས། བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོས་བཀའ་ཤོག་གི་ལམ་ནས་འབྲས་ལྗོངས་ཕོ་གདོང་དགོན་པའི་གསེར་ཁྲིར་མངའ་གསོལ་ཞིང་མཛད་ཕྲིན་བསྐྱངས་པས་སྐྱབས་མགོན་སྲིད་སྐྱོང་པར་གྲགས། ཕྱི་ལོ་ ༡༨༧༨ ལོར་ཞི་བར་གཤེགས་སོ། །

{{#arraymap:དབོན་འབྲིང་སྐུ་ཕྲེང་གསུམ་པ་

|; |@@@ | | }}