27820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབོན་འབྲིང་སྐུ་ཕྲེང་ལྔ་པ་ (1)
Part of speech མིང་ཚིག
Definition རྒྱལ་སྲས་རིན་པོ་ཆེ་དཔལ་ལྡན་དོན་ཀུན་གྲུབ་པ་ནི། ཆོས་རྒྱལ་བཀྲ་ཤིས་རྣམ་རྒྱལ་གྱི་སྲས་སུ་ཕྱི་ལོ་ ༡༩༢༣ ཆུ་ཕག་ལོར་འཁྲུངས་པ་ཕོ་གདོང་དགོན་པར་གསེར་ཁྲིར་མངའ་གསོལ་བ་འབྲས་ལྗོངས་ཆོས་རྒྱལ་ཐ་མ་སྐུ་རབས་བཅུ་གཉིས་རྒྱལ་སྲས་རིན་པོ་ཆེ་དཔལ་ལྡན་དོན་ཀུན་གྲུབ་པ་ཕྱོགས་ལས་རྣམ་རྒྱལ་ཞུ། སྤྱིར་ཆོས་སྲིད་ཀྱི་མཛད་ཕྲིན་མངོན་པར་མཐོ་བཞིན་བཞུགས་པ་དང་། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་འབྲུག་ཡུལ་རྒྱུད་རྒྱ་གར་དུ་ཕེབས་སྐབས་ཆོས་རྒྱལ་ཉིད་དཔལ་སྤུངས་དབོན་སྤྲུལ་ཡིན་པ་དང་སྔར་ལམ་གྱི་འབྲེལ་བ་བཟང་པོའི་དད་དམ་ལར་ཞེན་གཙིགས་སུ་འཛིན་ཏེ་སྒང་ཏོག་ཕོ་བྲང་དུ་གདན་འདྲེན་དང་སྲི་ཞུ་ཞབས་ཏོག་ཡུན་རིང་དུ་མཛད། ཕྱི་ལོ་ ༡༩༨༢ ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །