27823
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གསུམ་པའི་མེ་ལུག་ཕྱི་ལོ་ ༡༡༨༧ ལོར་མདོ་ཁམས་དཔལ་ཆེན་དུ་ཡབ་ཀྱུ་ར་སངས་རྒྱས་དཔལ་དང་། ཡུམ་ཆོས་ལྡན་གཉིས་ཀྱི་སྲས་སུ་འཁྲུངས། བརྒྱད་པར་ཡི་གེའི་སྦྱོར་ཀློག་སྦྱངས། བཅུ་གཅིག་པར་ཡིག་གཟུགས་ཀྱི་མཛེས་རྩལ་ཕུལ་དུ་ཕྱིན། བཅུ་གསུམ་པར་མགུར་དང་གླུ་བྲོ་ལ་བྱང། བཅུ་བདུན་པར་དྭང་ཕུ་བ་ལས་རབ་བྱུང་བསྒྲུབས། སྒྲུབ་པ་ཉམས་ལེན་ལ་གཞོལ། ཉེར་གཅིག་པར་དབུས་སུ་ཕེབས། འབྲི་གུང་འཇིག་རྟེན་མགོན་པོར་མཇལ། གདམས་ངག་ཟབ་མོ་ཞུས། ལོ་གསུམ་རིང་སྒོམ་པར་མཛད། ཆོས་རྗེ་འཇིག་རྟེན་མགོན་པོའི་གཟིམས་གཡོག་དང་། བསྟན་བཅོས་བརྩམས་པའི་ཡི་གེ་བ་མཛད། བླ་མའི་ཞབས་ཏོག་དང་། མཁྱེན་པ་ལ་མཐའ་མེད་པས་ཀུན་གྱིས་སློབ་དཔོན་པ་གསོལ། ཆོས་རྗེ་གཤེགས་རྗེས་འབྲི་གུང་གི་གདན་ས་མ་བསྐྱངས་པར་གནམ་མཚོ་དང་། ཏི་སེ། ལྷོ་བྲག་སོགས་སུ་བྱོན། མངའ་བདག་ཨ་དི་ག་དང་། མངའ་བདག་ཡ་ཙེ་བ་བཅས་ལ་ཕྱག་རྒྱ་ཆེན་པོའི་ཁྲི་ཆེན་བཏབ། སོ་དགུ་པར་བསམ་ཡས་སུ་ཕེབས། ཆོས་རྗེ་ས་པཎ་དང་མཇལ། ཆོས་ཀྱི་གསུང་གླེང་མང་དུ་མཛད། ཕག་གྲུ་ནས་སྤྱན་སྔ་གྲགས་པ་འབྱུང་གནས་ལས་བརྒྱུད་པ་རིན་པོ་ཆེའི་གྲུབ་མཐའ་བཅས་གསན། ང་ལྔ་པ་རབ་བྱུང་བཞི་པའི་ལྕགས་གླང་ཕྱི་ལོ་ ༡༢༤༡ ལོར་སྐུ་གཤེགས། འབྲི་གུང་འཇིག་རྟེན་མགོན་པོའི་སྤྱན་སྔ་བརྒྱད་ཀྱི་ཡ་གྱལ་ཡིན། གསུང་རྩོམ་ནི་སེམས་བསྐྱེད་ཆོ་ག་བསིལ་བྱེད་ཙན་དན་གྱི་ཕྲེང་བ་དང་། མུ་ཏིག་ཕྲེང་བ་ཆུང་བདོག བསྔོ་བ་ཡོན་བཤད་ཆེན་མོ། ངེས་པའི་དོན་གྱི་བསྟོད་པ་དང་ངོ་མཚར་ཅན་གྱི་བསྟོད་པ། ཡན་ལག་བདུན་པ་གསེར་ཁང་མ། སྒོམ་མདའ་ནང་རྫོང་གི་དཀར་ཆག་བཅས་བཞུགས། མཚན་གཞན། འབྲི་གུང་ཤེས་རབ་འབྱུང་གནས། སྤྱན་སྔ་ཤེས་རབ་འབྱུང་གནས། |