27826

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབོན་སྟོན་སྐྱེར་སྒང་པ་ཆོས་ཀྱི་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ཤིང་ཁྱི་ཕྱི་ལོ་ ༡༡༥༤ ལོར་སྟོད་ལུང་དུ་འཁྲུངས། གདུང་རས་འབལ་ཡིན། དགུང་ལོ་བཅུ་གཉིས་ནས་གཤིན་རྗེ་གཤེད་ལ་བསྙེན་ཚད་བཏང། བཅུ་བདུན་པར་ཁུ་བོ་འབལ་ཐམས་ཅད་མཁྱེན་པ་ལས་རབ་ཏུ་བྱུང། ཆོས་མང་དུ་གསན། ལྷ་སར་ཆོས་འཁོར་བྱུང་བ་ཅིག་ལ་ཁུ་བོའི་ཕྱག་ཕྱིར་ཕྱིན། འཕགས་པ་ལྕེ་སྒོམ་པ་ལས་ཐུགས་རྗེ་ཆེན་པོའི་དབང་ཁྲིད་ཞུས། སྐྱེར་སྒང་དུ་སྒྲུབ་པ་མཛད། སྤྱན་རས་གཟིགས་ཀྱི་ཞལ་མཇལ། སྔགས་བཟླས་པས་གཤིན་རྗེ་གཤེད་ཀྱི་ཞལ་ཡང་མཐོང་། ལ་སྟོད་དུ་ཙ་རི་སྒོམ་པར་མཇལ། རས་ཆུང་ལུགས་ཀྱི་དབང་དང་། གདམས་པ་མ་ལུས་ཞུས། འུ་ཡུག་ཏུ་བླ་མ་སྤེན་ཕུག་པ་ལས་ཇོ་བོ་རྗེའི་གསང་སྔགས་ཀྱི་གདམས་པ་རྫོགས་པར་གསན། ལྐུགས་ལུང་དུ་བླ་མ་རྨོག་ལྕོགས་པ་ལས་གདམས་པ་རྣམས་ཞུས། སྐྱེས་སྒང་དུ་གདན་ས་མཛད། སྐུ་འབུམ་ཡང་བཞེངས། དགོན་པའི་ལྕགས་རི་བརྩིགས། བླ་མ་རྨོག་ལྕོགས་པའི་གདན་སར་ཡང་འབུལ་བ་བསྐྱལ། དོན་གསུམ་པ་རབ་བྱུང་བཞི་པའི་མེ་གླང་ཕྱི་ལོ་ ༡༢༡༧ ལོར་སྐུ་གཤེགས། ནིགུའི་ཆོས་དྲུག་གི་གདམས་ངག་ཚིག་བརྒྱུད་ཀྱི་བཀའ་བབས་པ་ཡིན། སློབ་མ་ནི་སངས་རྒྱས་གཉན་སྟོན་པ་ཡིན།