27845
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། ཡི་གེ་འབྱུང་བའི་སྒོ་ལྔའི་ཡ་གྱལ་ཞིག་སྟེ། མདོ་དགོངས་པ་འདུས་པ་ལས་བྱུང་བ་ལྟར་ན་དབྱངས་ཀྱི་ཡི་གེ་བཅུ་དྲུག་ལ་འགྭར་དང་ཅྭང་གཉིས་ཏེ་སྒྲ་རིང་ཐུང་གཉིས་སུ་ཡོད་པས་བརྒྱད་བརྒྱད་དུ་གྱུར། རིང་ཐུང་གཉིས་ཀྱི་གཞི་ལས་སྒྲ་ཤ་ཏ་པ་ལ་སོགས་པ་དབྱངས་ཀྱི་ཡན་ལག་དྲུག་ཏུ་འབྱུང་བ་སྟེ། དེའང་ཐུང་ངུ་ལས་གཉིས། རིང་པོ་ལས་གཉིས། དེ་གཉིས་ཆ་མཉམ་པ་ལས་གཉིས་བྱུང་། སྒྲ་དྲུག་པོར་རྣམ་པར་རིག་པ་དང་། མཉན་པར་འོས་པ་སོགས་གསུང་གི་ཡན་ལག་བཅུ་རེ་བསྒྱུར་བས་དབྱངས་ཀྱི་ཡན་ལག་དྲུག་ཅུར་བསྒྱུར་བར་བྱེད་པ་ལ་སོགས་པའོ། ། |
| Domain | ཆོས་ལུགས། |