27868

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱངས་ཅན་སྒྲ་མདོའི་ལེའུ་སུམ་ཅུ་རྩ་གཉིས་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་ལས་བྱུང་བ་སྟེ། ༡ མིང༌། ༢ དབྱངས། ༣ རང་བཞིན་དུ་གནས་པ། ༤ གསལ་བྱེད། ༥ རྣམ་པར་བཅད་བྱའི་མཚམས་སྦྱོར་དང་ལྔའོ། །༦ སྐྱེས་པའི་རྟགས་དབྱངས་ཀྱི་མཐའ་ཅན། ༧ བུད་མེད་ཀྱི་རྟགས་དབྱངས་ཀྱི་མཐའ་ཅན། ༨ མ་ནིང་གི་རྟགས་དབྱངས་ཀྱི་མཐའ་ཅན། ༩ ཧ་སའི་མཐའ་ལས་སྐྱེས་བའི་རྟགས། ༡༠ ཧ་སའི་མཐའ་ཡས་ལས་བུད་མེད་ཀྱི་རྟགས། ༡༡ ཧ་སའི་མཐའ་ཡས་མ་ནིང་གི་རྟགས། ༡༢ ཡུཥྨད་ཆོ་ག་རྣམས། ༡༣ མི་ཟད་པའི་སྡེ། ༡༤ བུད་མེད་ཀྱི་རྐྱེན་རྣམས། ༡༥ བྱེད་པ་ཅན་གྱི་རབ་བྱེད། ༡༦ ཚིག་སྡུད་ཀྱི་རབ་བྱེད། ༡༧ དེ་ཕན་གྱི་རབ་བྱེད། ༡༨ བྱེད་པ་པོའི་རབ་བྱེད། ༡༩ དངོས་པོ་དང་ལས་ཀྱི་རབ་བྱེད། ༢༠ ལྐོག་འགྱུར་གྱི་རབ་བྱེད། ༢༡ སྨོན་པ་བྱེད་པའི་རྐྱེན། ༢༢ རིང་བ་མ་ཡིན་པ་ལས་འབྱུང་འགྱུར་དོན་གྱི་རྐྱེན་གྱི་རབ་བྱེད། ༢༣ འབྱུང་འགྱུར་གྱི་རྐྱེན་གྱི་རབ་བྱེད། ༢༤ བྱ་བ་ཤོར་བའི་རྐྱེན་གྱི་རབ་བྱེད། ༢༥ བྱུང་ཟིན་རྐྱེན་གྱི་རབ་བྱུང༌། ༢༦ དངོས་པོ་དང་ལས་ཀྱི་རབ་བྱེད། ༢༧ ཡང་རྐྱེན་གྱི་རབ་བྱེད། ༢༨ ཡང་འཇིག་པའི་མཐའི་རབ་བྱེད། ༢༩ རྐྱེན་དང་སྦྱོར་བའི་རབ་བྱེད། ༣༠ ཀུན་ནས་བསྒྱུར་བའི་རབ་ཏུ་བྱེད་པ། ༣༡ ཀུན་ནས་བཤད་པའི་རབ་བྱེད། ༣༢ ཀྲྀཏྲ་ལ་སོགས་པའི་རབ་བྱེད་བཅས་སོ། །