27890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ་ (1)
Part of speech མིང་ཚིག
Definition ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར། ཆོས་ཚན་འདིའི་འཕྲོར་པེ་ཅིང་པར་མ་དང་། ་སྣར་ཐང་དཀར་ཆག་ཏུ་“བྲམ་ཟེ་ཆེན་པོ་དྷ་ར་ཧ་མིས་མཛད་པའི་དུས་བསྟན་པའི་མེ་ལོང་། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བོ་དྷི་ཛྙཱ་ན་ཤྲཱིའི་ཞལ་མངའ་ནས་དང་། གནས་བརྟན་ཉི་མ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། དྲང་སྲོང་ཕུར་བུས་མཛད་པ་ལོ་དྲུག་ཅུའི་འབྲས་རྩིས་ཕུར་རྟག་ཏུ་གྲགས་པ་བལ་ཡུལ་ཡམ་བུའི་མཁས་པ་མི་ན་སི་གའི་འགྱུར་”ཞེས་འཁོད་པའི་ཆོས་ཚན་དེ་གཉིས་བསྟན་འགྱུར་ཁྲོད་དུ་མི་བཞུགས་ལ་སྡེ་དཀར་དུ་རྒྱལ་དབང་ལྔ་པའི་དཀར་ཆག་པེ་ཅིང་བསྟན་འགྱུར་དཀར་ཆག་ཏུ་དེ་གཉིས་བྱུང་ཡང་དཔེ་མ་འབྱོར་བས་སླར་བཙལ་དགོས་ཞེས་གསུངས། བསྟན་འགྱུར་སྣ་ཚོགས་ངོ་པར་བཞུགས།