27941

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱར་གྱི་བྱིན་བརླབས་འཇིག་རྒྱུ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དབྱར་གྱི་མཚམས་ལས་འདས་པའི་ཉེས་པ་མི་འབྱུང་བའི་ཕྱིར་དབྱར་གྱི་བྱིན་རླབས་དེ་ཉིད་མེད་པར་བཟོ་བ་དང་དབྱར་རལ་བར་བྱེད་པའི་རྐྱེན་ཞིག་ལ་གོ ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དབྱར་བྱིན་རླབས་འཇིག་རྒྱུ་ཡང་ཡོད་དེ། ཞག་གྲངས་ཀྱིས་འཕེན་པ་ཟད་པ་དང་། བྱ་བ་མེད་པར་ཤེས་པ་དང་། བྱ་བ་ཆོས་མིན་དུ་ཤེས་པ་རྣམས་ཡིན་པའི་ཕྱིར། དང་པོ་ནས་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བ་སྤང་དགོས་པར་མ་ཟད། དབྱར་ནང་དུ་རྙེད་པ་བགོས་པ་དང་། ལྟུང་བ་གླེང་དྲན་དང་། ནན་ཏུར་བྱེད་པ་སོགས་ཀྱང་དབྱར་རལ་བའི་རྒྱུ་ཡིན་པས་སྤང་བར་བྱའོ། །གནང་བ་གསོལ་ནས་ཞག་བཞི་བཅུ་བྱིན་གྱིས་བརླབས་ཚུལ་ཡང་ཡོད་དེ། དང་པོར་ཞག་བདུན་ཚན་ལྔ་བྱིན་གྱིས་བརླབས། དེ་རྗེས་ཞག་ལྔ་བྱིན་གྱིས་བརླབས་པ་ལྟ་བུ་ཚེ་གུར་གྱི་བྱིན་བརླབས་དང་། ཞག་བཞི་བཅུ་གཅིག་ཆར་དུ་བྱིན་གྱིས་བརླབས་པ་གཉིས་ཡོད་པས་སོ། །ཞེས་གསུངས།
Domain ཆོས་ལུགས།