27942

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱར་གྱི་རས་ཆེན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གཞུང་དུ། སྒྲེན་མོར་ཁྲུས་མི་བྱའོ། །ཞེས་པ་ནས། ཁྲུས་རས་བཅང་བར་བྱའོ། །ཞེས་པའི་བར་གྱིས་བསྟན། ལུང་རིགས་གཏེར་མཛོད་ལས། དབྱར་གྱི་རས་ཆེན་དབྱར་ཆར་ཆུ་སྐྱབས་པའི་ཕྱིར་དུ་གྱོན་པར་བྱ་བ་ཡིན་ཞིང། ཞེས་དང་། འདུལ་འཛིན་གྲགས་རྒྱལ་གྱིས་ཀྱང་དེ་དང་འདྲ་བར་གསུངས་པ་ནི་སྔར་ནས་འཇིག་རྟེན་གྱི་གྲགས་ཚོད་ཐུགས་ལ་འཇགས་པ་དེ་སྐྱོ་མ་སྔ་བཙན་དུ་སོང་བ་ཡིན་གྱི། དོན་ལ་འདི་ནི་ཁྲུས་རས་ཡིན་པ་འདིའི་གླེང་གཞི་དང་བསྟུན་ན་ཤེས་ཤིང། ས་ག་ལྷས་ཀྱང། ཁྲུས་དོན་ལུས་རབ་སྦ་བའི་ཕྱིར། །དབྱར་གོས་རས་ཆེན་བཅང་བར་བྱ། །ཞེས་སོ། །དགེ་སློང་མ་ལ་ཆུ་གོས་མི་འཆང་བ་ལྟུང་བྱེད་དུ་གསུངས་པའི་ཆུ་གོས་ཀྱང་ཁྲུས་ཀྱི་ཚེ་ལུས་སྦ་བའི་ཁྲུས་རས་འདི་ཡིན་པ་རྒྱ་ཆེར་འགྲེལ་ལས་གསལ་ཤིང། དགེ་སློང་མ་ལ་དབྱར་གྱི་གོས་རས་ཆེན་གྱི་ཐ་སྙད་མ་གནང་ཡང་དོན་ནི་ཆུ་གོས་འདི་ཡིན་ཏེ། གཞུང་དུ། དེ་གཉིས་བཅང་བར་བྱའོ། །ཞེས་གསུངས་པའི་ཅིག་ནི་ཆུ་གོས་དང། ཅིག་ཤོས་ནི་སྨེ་གབ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།