28012

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱི་དཀར་ (1)
Part of speech མིང་ཚིག
Definition གཡི་དཀར་དང་དོན་གཅིག་སྟེ། དབྱིབས་གཟིགས་དང་འདྲ་ཞིང་བོངས་ཚོད་དེ་ལས་ཆུང་བ། སྤུ་མདོག་དཀར་ཤས་ཆེ་བ། རྣ་རྩེ་ན་སྤུ་ར་ནག་པོ་ཞིག་ཡོད་པ། རྔ་མ་ཐུང་ལ་རྔ་རྩེ་ནག་པོ་ཅན། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་ནགས་ཚལ་སྟུག་པོའི་གསེབ་དང༌། བྲག་རིའི་སྟེང༌སོགས་སུ་གནས་ཤིང། ཟས་སུ་གཙོ་བོ་རི་བོང་དང༌། ཨ་བྲ། གསོམ་བྱི། དེ་ཕོ། གོང་མོ་སོགས་ཟ་བར་མ་ཟད། ཁ་ཤ་སོགས་སྲོག་ཆགས་ཆེ་རིགས་ཀྱང་བཟུང་ནས་ཟ་བར་བྱེད་མཁན་གྱི་གཅན་གཟན་ཞིག

{{#arraymap:དབྱི་དཀར་

|; |@@@ | | }}

དབྱི་དཀར་ (2)
Part of speech མིང་ཚིག
Definition ཤིང་སྨན་གྱི་རིགས་དཀར་པོ། རོ་ཚ་ལ་ཅུང་མངར། ཞུ་རྗེས་དྲོད། ནུས་པས་དྲོད་སྐྱེད། སྐྲན་བཤིག་ཟས་འཇུ་བར་བྱེད། ཆུ་སེར་སོགས་ཀྱི་ནད་ལ་ཕན། མིང་གི་རྣམ་གྲངས་ལ་ཀྲི་ཤིང་དང༌། དཀྲི་མོ། སྐྲ་དཀར་ཅན། སྒྱི་མོང༌། དྲོད་སྐྱེད་བྱེད། མེ་ཤིང༌། ཨ་ཟ་མོ། ཨ་ས་མོ་བཅས་སོ། །

{{#arraymap:དབྱི་དཀར་

|; |@@@ | | }}