28046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱིངས་ཀྱི་མཆོད་རྟེན་བརྒྱ་ཉི་ཤུ་ (1)
Part of speech མིང་ཚིག
Definition བོན། དབྱིངས་ལྔ་ལ་བརྟེན་ནས་ཐ་སྙད་རྣམ་གྲངས་ཙམ་དུ་དབྱེ་བ་ལས་དོན་ལ་མ་བཅོས་གཤིས་ཀྱི་གནས་ལུགས་ཞིག་སྟེ། མདོ་དྲི་མེད་གཟི་བརྗིད་པོད་བརྒྱད་པ་ལས། དབྱིངས་ཀྱི་མཆོད་རྟེན་བརྒྱ་ཉི་ཤུ། ཡེ་ནས་བོན་སྐུ་འགྱུར་མེད་ལ། ཚིག་དང་མིང་ཙམ་མ་གཏོགས་པ། གང་གིས་དཔེ་བྱ་མཚོན་དུ་མེད། རྒྱུ་ལས་མ་བྱུང་རྐྱེན་མི་འཇིག ཐོག་དང་ཐ་མར་འགྱུར་ནུབ་མེད། འཁོར་དང་མྱང་འདས་དབྱེ་བ་མེད། སྐུ་དང་ཡེ་ཤེས་གྲུབ་པ་མེད། འདི་ཞེས་གང་གིས་མཚོན་དུ་མེད། འདི་ཡིན་གང་དུ་གཏད་པ་མེད། འདི་མིན་ཚིག་གི་ཁྱབ་པ་མེད། ཐམས་ཅད་ཀུན་ཡིན་གང་མ་ཡིན། ཡེ་ནས་བོན་སྐུ་འགྱུར་མེད་ལ། གདོད་ནས་མ་བཅོས་མ་བསླད་པ། གང་གིས་མིག་གཏད་བྲལ་བ་སྟེ། འདུས་མ་བྱས་ཀྱི་རང་བཞིན་ལས། འདུ་བྱེད་མཚན་མ་བྲལ་བ་ཡི། བོན་ཉིད་དབྱིངས་ཀྱི་མཆོད་རྟེན་ནོ། །ཞེས་སོ། །རྣམ་གྲངས་འདི་ལྟར་ཏེ། བོན་ཉིད་དབྱིངས་ཀྱི་མཆོད་རྟེན་ཉི་ཤུ་བཞི་དང། རབ་འབྱམས་དབྱིངས་ཀྱི་མཆོད་རྟེན་ཉི་ཤུ་བཞི། དུ་མ་རོ་གཅིག་གི་དབྱིངས་ཀྱི་མཆོད་རྟེན་ཉི་ཤུ་བཞི། སྤྲོས་མཐར་བྲལ་བའི་དབྱིངས་ཀྱི་མཆོད་རྟེན་ཉི་ཤུ་བཞི། ཐིག་ལེ་ཉག་གཅིག་དབྱིངས་ཀྱི་མཆོད་རྟེན་ཉི་ཤུ་བཞི་བཅས་བརྒྱ་དང་ཉི་ཤུའོ། །ཞིབ་ཕྲ་གཟི་བརྗིད་པོད་བརྒྱད་པར་གཟིགས། དེ་ལ་དབྱིངས་ན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་བརྒྱ་དང་ཉི་ཤུ་ཞེས་ཀྱང་བྱའོ། །
Domain ཆོས་ལུགས།

{{#arraymap:དབྱིངས་ཀྱི་མཆོད་རྟེན་བརྒྱ་ཉི་ཤུ་

|; |@@@ | | }}