28048
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོན། སྔགས། བྱ་རྒྱུད། ཡེ་དབྱིངས་སམ་དགེ་བསྙེན་གྱི་ཆོ་གའི་བསྒྲུབ་བྱའི་ལྷ་གཙོ་བོ་ཞིག་སྟེ། གཟི་བརྗིད་པོད་གསུམ་པ་ལས། དབྱིངས་ཀྱི་ལྷ་ལྔ་གཙོ་འཁོར་བཅས་པ་ལ། ཞེས་སོ། །ལྔ་ནི། ཡི་དམ་གྱི་ལྷ་ཀུན་ཏུ་བཟང་པོ། དམ་ཚིག་གི་ལྷ་རང་གསལ་ཤེས་རིག་གི་རྒྱལ་པོ། ལས་ཀྱི་ལྷ་གཡུང་དྲུང་ཚེའི་རྒྱལ་པོ། དབང་གི་ལྷ་གཡུང་དྲུང་ཡེ་དབང་གི་རྒྱལ་པོ། ཡི་གེའི་ལྷ་ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་དང་ལྔའོ། ། ཀུན་ཏུ་བཟང་པོ་ནི། དཀྱིལ་འཁོར་དབུས་སུ་སེང་གེའི་ཁྲི་གདན་ལ་རྫོགས་སྐུའི་ཆ་ལུགས་སུ་བཞུགས་ཞིང་། སྐུ་མདོག་དཀར་པོ་སྟེ། ཕྱག་མཉམ་བཞག་ལ་ཡི་གེ་ཨ་ཡིས་མཚོན་ཡོད། རང་གསལ་ཤེས་རིག་གི་རྒྱལ་པོ་ནི། དཀྱིལ་འཁོར་ཤར་དུ་གླང་ཆེན་ཁྲིའི་གདན་ལ་རྫོགས་སྐུའི་ཆ་ལུས་སུ་བཞུགས་ཞིང། སྐུ་མདོག་སེར་པོ་སྟེ། ཕྱག་ཏུ་བདུད་རྩིའི་བུམ་པ་བསྣམས་ཡོད། གཡུང་དྲུང་ཚེའི་རྒྱལ་པོ་ནི། དཀྱིལ་འཁོར་བྱང་དུ། རྟ་མཆོག་གི་ཁྲིའི་གདན་ལ་རྫོགས་སྐུའི་ཆ་ལུགས་སུ་བཞུགས་ཞིང་། སྐུ་མདོག་ལྗང་ཀུ་སྟེ། ཕྱག་ཏུ་གཡུང་དྲུང་དང་། ཕུར་པ་བསྣམས་ཡོད། གཡུང་དྲུང་ཡེ་དབང་གི་རྒྱལ་པོ་ནི། དཀྱིལ་འཁོར་ནུབ་ཏུ། གཡུ་འབྲུག་གི་ཁྲིའི་གདན་ལ་རྫོགས་སྐུའི་ཆ་ལུགས་སུ་བཞུགས་ཞིང་། སྐུ་མདོག་དམར་པོ་སྟེ། ཕྱག་ཏུ་སྟོང་ཕྲག་པོ་ཏི་བསྣམས་ཡོད། ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་ནི། དཀྱིལ་འཁོར་ལྷོ་རུ། བྱ་ཁྱུང་གི་ཁྲིའི་གདན་ལ་རྫོགས་སྐུའི་ཆ་ལུགས་སུ་བཞུགས་ཞིང། སྐུ་མདོག་མཐིང་ཀ་སྟེ། ཕྱག་ཏུ་འབྱུང་བའི་འཁོར་ལོ་རྩིབས་དྲུག་བསྣམས་ཡོད། |
Domain | ཆོས་ལུགས། |
{{#arraymap:དབྱིངས་ཀྱི་ལྷ་ལྔ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བོན། སྔགས། བྱ་རྒྱུད། བདེ་བར་གཤེགས་པའི་ཡི་དམ་ཞི་བའི་ལྷ་ཞིག་སྟེ། དགེ་བསྙེན་ཐེག་པའི་ཁོངས་སུ་གཏོགས་པའི་ཡེ་དབྱིངས་ཆོ་གའི་མཐར་ཐུག་གི་སྒྲུབ་བྱའི་ལྷ་ཞིག་ཡང་ཡིན་ཏེ། མདོ་དྲི་མེད་གཟི་བརྗིད་པོད་གསུམ་པ་ལས། དབྱིངས་ཀྱི་ལྷ་ལྔ་གཙོ་འཁོར་སྤྲུལ་བར་བཅས། དུས་གསུམ་བདེར་གཤེགས་རྒྱལ་བ་དཀྱིལ་འཁོར་ལྷ། ཞེས་སོ། །ལྔ་ནི། འཇིགས་པ་སྐྱབས་མཛད་ཡི་དམ་གྱི་ལྷ་དང་། གཉིས་སུ་མེད་པའི་དམ་ཚིག་གི་ལྷ། ཐོགས་པ་མེད་པ་ལས་ཀྱི་ལྷ། ངོ་མཚར་བརྗིད་ལྡན་དབང་གི་ལྷ། ལྐུགས་པ་ཁ་འབྱེད་ཡི་གེའི་ལྷ་དང་ལྔའོ། །དེ་རྣམས་ལ་བདེར་གཤེགས་ཀུན་ཏུ་བཟང་པོ་དང་། རང་གསལ་ཤེས་རིག་རྒྱལ་པོ། གཡུང་དྲུང་ཚེ་ཡི་རྒྱལ་པོ། གཡུང་དྲུང་ཡེ་དབང་རྒྱལ་པོ། ཡེ་སྲིད་འཕྲུལ་གྱི་རྒྱལ་པོ་ཞེེས་ཀྱང་བྱའོ། ། |
{{#arraymap:དབྱིངས་ཀྱི་ལྷ་ལྔ་
|; |@@@ | | }}