28058

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དབྱིངས་བདལ་མཁར་ཁྱབ་ཀྱི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བོན། སྔགས། སྤྱོད་རྒྱུད། ཕྱག་རྒྱ་ཞིག་གི་མིང་སྟེ། མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་གའི་སྟ་བོན་ལ་ཕྱག་རྒྱ་དང་། སྙིང་པོ། རྫས། ཚིག་བཤད། ཏིང་འཛིན་དང་ལྔའི་སྒོ་ནས་བསྟན་ལ། ཕྱག་རྒྱ་བཅའ་ལུགས་ནི། མདོ་གཟེར་མིག་ལས། གཡས་པའི་ཐལ་མོ་དཔྲལ་བར་གཏད། གཡོན་པའི་ཐལ་མོ་ཐུགས་ཀར་གཏད། ཞེས་སོ། །མཚོན་དོན་ནི། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། དབྱིངས་བདལ་ནི་རང་བཞིན་དཀྱིལ་འཁོར། མཁར་ཁྱབ་ནི་ཏིང་འཛིན་གྱི་དཀྱིལ་འཁོར་གསལ་བར་སྟ་བོན་གྱི་དགོངས་པ་ཉམས་སུ་མྱོང་བའོ། །གཡས་པ་ནི་རང་བཞིན་དཀྱིལ་འཁོར་བདེར་གཤེགས་སྟ་བོན་ལ་གནས་པ་དང་། གཡོན་པས་ཐུགས་ཀར་གཏད་པ་ནི། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྦྱིན་མགྲོན་སྟ་བོན་ལ་གནས་པའོ། །ཞེས་སོ། །
Domain ཆོས་ལུགས།

{{#arraymap:དབྱིངས་བདལ་མཁར་ཁྱབ་ཀྱི་ཕྱག་རྒྱ་

|; |@@@ | | }}